གྲོས་ཚོགས་ཚོགས་དུས་བཅུ་པ་སྤྱི་ཟླ་གསུམ་པའི་ནང་འཚོགས་རྒྱུ་ཡིན་འདུག

2020-11-28
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ། ༢༠༡༩།༣།༢༩
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ། ༢༠༡༩།༣།༢༩
RFA

སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༣པའི་ཚེས་༡༥རེས་གཟའ་ཟླ་བ་ནས་སྤྱི་ཟླ་༣པའི་ཚེས་༣༡བར་ལས་དུས་ཉིན་གྲངས་བཅོ་ལྔའི་རིང་བཞུགས་སྒར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་འཚོགས་གཏན་འཁེལ་ཡོད་འདུག་ཅིང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འབྱུང་འགྱུར་སྤྱི་ཟླ་༣པའི་གྲོས་ཚོགས་དེའི་ནང་གཙོ་བོ་རྩིས་ལོ་༢༠༢༡ དང་ ༢༠༢༢ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་དེ་སྔོན་སྤྱི་ཟླ་༨པའི་ཚེས་༡༧ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་འདི་ལོའི་སྤྱི་ཟླ་༩་པའི་ཚེས་༡༦་ནས་ཚེས་༢༤་བར་འཚོགས་གཏན་འཁེལ་ཡོད་ཀྱང་། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་མུ་མཐུད་དུ་ཁྱབ་གདལ་ཆེ་བའི་དབང་གིས་སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༣་པའི་བར་ཕར་འགྱངས་གནང་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། སྤྱི་ཟླ་༩པའི་གྲོས་ཚོགས་དེ་མཇུག་སྒྲིལ་ཟིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༩་ནས་༢༠་ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་རྒྱུན་གཏན་བཞིན་ཞིབ་འཇུག་གིས་དོགས་འདྲི་གནང་བ་དང་། དེར་བཀའ་ཤག་ནས་ལན་འདེབས་གནང་བ། དེ་བཞིན་སྤྱི་འཐུས་སྒེར་ནས་བཀའ་ཤག་གི་ལན་འདེབས་ལ་འཕྲོས་དོན་དྲི་བ་དང་དེར་ལན་འདེབས་བཅས་ཆ་ཚང་ཚར་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

རིང་མིན་སྤྱི་ཟླ་གསུམ་པའི་ནང་ཚོགས་གཏན་འཁེལ་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།