བོད་ནི་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཨང་གཉིས་པ་རེད་ཟེར།

2020-03-04
གློག་འཕྲིན།
མཆན།
Share
པར་བཀོད།
རངདབང་ཁང་པའི་དྲ་ངོས། ༢༠༢༠
རངདབང་ཁང་པའི་དྲ་ངོས། ༢༠༢༠
དྲ་བཤུས།

བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཨང་གཉིས་པ་ཡིན་པ་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རང་དབང་གི་ཁང་པས་སྙན་ཐོའི་ནང་གསལ་སྟོན་བྱས་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པ་(Freedom House)་ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཕྱི་ལོ་༢༠༢༠་ལོའི་ལོ་འཁོར་སྙན་ཐོ་ཚེས་༤་ཉིན་འདོན་སྤེལ་གནང་བའི་ནང་། བོད་དེ་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་གཉིས་པ་དེ་ཡིན་པ་དང་། ཨང་དང་པོ་དེ་སེ་རེ་ཡ་(Seria)་རྒྱལ་ཁབ་ཡིན་པ་དང་། དེའི་རྗེས་(Tukmenistan)་ལྷོ་སུ་རྡན་དང་། བྱང་ཀོ་རི་ཡ་སོགས་ཡིན་ལུགས་བཀོད་འདུག
དེ་ནི་བོད་དེ་རང་དབང་མེད་པའི་ལུང་པ་ཆེས་སྡུག་ཤོས་མཇུག་ནས་བརྩིས་པའི་ཨང་རིམ་གཉིས་པ་དེ་ཡིན་པ་ལོ་ལྔ་བསྟུན་མར་རང་དབང་གི་ཁང་པའི་སྙན་ཐོའི་ནང་བཀོད་ཡོད་པ་རེད།
སྤྱི་ཚེས་༤་ཉིན་གོང་ཞུས་རང་དབང་ཁང་པས་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དེའི་ནང་། འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་ནང་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་དེ་ལོ་༡༤་བསྟུན་མར་ཇེ་སྡུག་ཇེ་ཞན་ཏུ་ཕྱིན་ཡོད་པ་འཁོད་འདུག
དེ་ཡང་རྒྱ་ནག་དང་ཨེ་རན་(Iran) ཨུ་རུ་སུ་བཅས་ཐེ་བའི་སྲིད་དབང་གཅིག་བསྡུས་ཀྱི་རྒྱལ་ཁབ་གཅིག་པུའི་ནང་དམངས་གཙོ་དང་རང་དབང་ཇེ་སྡུག་ཕྱིན་པ་ཁོ་ན་མིན་པར། དེ་སྔོན་དམངས་གཙོ་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཐོག་བྱས་རྗེས་ཡག་པོ་ཡོད་མཁན་ཚོས་ཀྱང་དམངས་གཙོ་ལ་དོ་ཕོག་བཏང་ཡོད་ལུགས་སྙན་ཐོག་དེའི་ནང་འཁོད་འདུག
ཡང་སྙན་ཐོ་དེའི་ནང་། རྒྱ་ནག་ནི་རང་དབང་སྲུང་སྐྱོབ་སྐྱོ་ཤོས་བྱ་མཁན་རྒྱལ་ཁབ་ཨང་༡༥་པ་དེ་ཡིན་པ་དང་། དེ་བཞིན་མི་རིགས་དབྱེ་འབྱེད་བྱ་མཁན་རྒྱལ་ཁབ་༡༡་ཡོད་པའི་ནང་ནས་གཅིག་རྒྱ་ནག་ཡིན་པ་བཀོད་འདུག
སྙན་ཐོ་དེའི་ནང་རྒྱ་ནག་གིས་ཡུར་གུ་ཁ་ཆེ་མི་རིགས་ཚོའི་རིག་གཞུང་རྩ་མེད་གཏོང་རྒྱུའི་ལས་འཆར་ཁག་དང་། རྒྱ་གར་གྱིས་ད་ལྟའི་སྲིད་བློན་མོ་དྷིའི་གཞུང་འཛིན་གྱིས་ཧུན་རྡུའི་ཆོས་ལུགས་གཙོ་འཛིན་ཀྱི་སྲིད་ཇུས་བཟུང་བ་དེའི་སྤྱི་དམངས་ཀྱི་ཐོབ་ཐང་དང་རང་དབང་ལ་དོ་ཕོག་ཐེབས་ཡོད་པ་སོགས་ཀྱང་བཀོད་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།