ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཞུགས་ཐབས་བྱེད་རྒྱུ་སྲིད་སྐྱོང་མཆོག་གིས་འབོད་སྐུལ་བྱས་འདུག

2020-05-22
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ཀྱི་དམ་འབུལ་མཛད་སྒོའི་སྐབས། ༢༠༢༠།༥།༢༠
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ཀྱི་དམ་འབུལ་མཛད་སྒོའི་སྐབས། ༢༠༢༠།༥།༢༠
AP

ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཞུགས་འོས་བ་དང་ཞུགས་ཐབས་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་འབོད་སྐུལ་བྱས་འདུག
དབུས་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས། ཐེ་ཝན་དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་མི་བྱས་ནས་སྒྲིག་འཛུགས་དེའི་ནང་འཛུལ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་གནང་བ་དང་ཆབས་ཅིག ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་ལགས་ཀྱིས་བསྐྱར་དུ་སྲིད་འཛིན་གྱི་ལས་གནས་བཟུང་ནས་ཕྱག་ལས་གནང་འགོ་ཚུགས་པར་རྟེན་འབྲེལ་ཞུས་འདུག
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས། སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་གྱི་ནུས་པ་ལྡན་པའི་དབུ་ཁྲིད་འོག ཐེ་ཝན་ཕྱོགས་ནས་བློ་སྟོབས་ཆེན་པོས་དམངས་གཙོར་རྒྱབ་སྐྱོར་གནང་བ་དེས། འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོར་སྐུལ་ལྕགས་ཐེབས་ཡོད། ཅེས་དང་། ད་དུང་ཉེ་ལམ་ཁྱབ་གདལ་ཆེན་པོ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་བྱེད་ཕྱོགས་ཐད་ཐེ་ཝན་གྱི་ངོས་ནས་ཕྱག་ལས་གཟེངས་སུ་ཐོན་པ་ཞིག་གནང་ཡོད་པར་བསྔགས་བརྗོད་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། སྤྱི་ལོ་༢༠༡༦་ལོའི་སྔ་རོལ་དུ་ཐེ་ཝན་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དངོས་གཞིའི་ཚོགས་མིར་གྱུར་གྲབས་ཡོད་ཅིང་། ད་རེས་ནད་ཡམས་ཁྱབ་གདལ་ཆེན་པོ་འགྲོ་རིང་གི་གནང་སྟངས་ཐོག་ནས་ཐེ་ཝན་དེ་དངོས་འབྲེལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དངོས་གཞིའི་ཚོགས་མི་ཞིག་ཏུ་གྱུར་དགོས་ངེས་ཡིན་ཞེས་དང་། ང་ཚོ་བོད་མི་ཚོས་ཐེ་ཝན་གྱི་མི་ཚོའི་རང་དབང་དང་ངང་རྒྱུད་རིང་བའི་ཐེ་ཝན་གྱི་སྙིང་སྟོབས་དེ་ལོངས་སུ་སྤྱོད་རྒྱུ་ཡིན་ལ། སྐུ་ཉིད་ཀྱི་དབུ་ཁྲིད་འོག བོད་མི་དང་ཐེ་ཝན་མི་དམངས་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་དེ་མུ་མཐུད་ཤུགས་སྣོན་ཐེབས་ཐུབ་པར་རེ་བ་བཅངས་རྒྱུ་དང་། ཐེ་ཝན་མི་དམངས་ནི་མང་ཆེ་བ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་བརྩི་བཀུར་དང་དད་གུས་ཞུ་མཁན་ཞིག་ཡིན་ཞེས་བརྗོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།