བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་འགོ་འཛུགས་གནང་སོང་།

2019-10-03
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་རྡ་རམ་སཱ་ལར་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༩།༡༠།༣
རྒྱ་གར་རྡ་རམ་སཱ་ལར་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༩།༡༠།༣
RFA

རྒྱ་གར་རྡ་རམ་སཱ་ལར་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་འགོ་འཛུགས་གནང་སོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་ཟླ་བ་འདིའི་སྤྱི་ཚེས་༣་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་འགོ་འཛུགས་གནང་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་འདིའི་ཐོག་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ ༢༤ ཙམ་ནས་གཞུང་དང་གཞུང་འབྲེལ་མིན་པའི་བོད་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་མི་སྣ་ ༣༤༠ ཙམ་ཚོགས་བཅར་ཞུས་འདུག
ཚོགས་འདུའི་དབུ་འབྱེད་ཀྱི་གསུང་བཤད་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྔ་དང་ལྔ་བཅུའི་ལས་འཆར་སྐོར་གསལ་བཤད་གནང་ཞིང་། ཁོང་གིས་ལས་འཆར་འདི་ནི་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་འགྲུབ་རྒྱུའི་ཆེད་བཏོན་གནང་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བརྟན་ཞུགས་ཡག་ཤོས་ནི་༧གོང་ས་མཆོག་གི་དགོངས་པ་འགྲུབ་པ་བྱ་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད།
ཡང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་དབར་གྱི་འབྲེལ་བ་ནི་ནམ་ཡང་བྲལ་ཐབས་མེད་པ་ཞིག་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྐུ་དབང་ཡོངས་རྫོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ལྡན་ཕོ་བྲང་གི་བླ་བྲང་གི་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ནན་བརྗོད་གནང་ཡོད་པ་རེད།  སྤྱི་འཐུས་ཀྱི་ཚོགས་གཙོ་དང་སྲིད་སྐྱོང་རྣམ་པ་གཉིས་ཀས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡང་སྲིད་ངོས་འཛིན་ཞུ་བའི་ཐོབ་ཐང་རྩ་བ་ནས་མེད་པ་དེ་སྔོན་ཡོངས་ཁྱབ་ཀྱི་ཐོག་ནས་གསུངས་ཡོད་པ་རེད།
ཚོགས་བཅར་བ་ཁག་གཅིག་གིས་ཚོགས་ཆེན་འདིའི་ཐོག་ནས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནས་བབས་ཐད་ཐེ་བྱུས་རྩ་བ་ནས་མི་ཆོག་པའི་བསྒྲགས་གཏམ་ནན་པོ་སྒྲོགས་དགོས་པ་དང་། བོད་མིའི་མངོན་འདོད་གསལ་འདོན་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དང་། གཉིས་པ་དེ་བཞིན་སྤྱི་ལོ་༢༠༠༨་དང་། ༢༠༡༢ལོ་སོ་སོར་བསྐོངས་ཚོགས་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།