ཨ་རིའི་མངའ་སྡེ་མང་པོའི་ནང་དོན་མེད་ཕྱི་ལ་ཐོན་མི་ཆོག་པའི་བཀའ་ཁྱབ།

2020-03-21
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ནང་འགྲུལ་བཞུད་གནང་མཁན་ཇེ་ཉུང་དུ་ཕྱིན་པ།
ཨ་རིའི་ནང་འགྲུལ་བཞུད་གནང་མཁན་ཇེ་ཉུང་དུ་ཕྱིན་པ།
ཨེ་ཨེཕ་པི།

ཨ་མི་རི་ཀའི་ཤར་ནུབ་ཀྱི་མངའ་སྡེ་ཁག་གི་སྲིད་སྐྱོང་བ་མང་པོ་ཞིག་གིས་གཟའ་པ་སངས་ཉིན་ཛ་དྲག་གི་བཀའ་ཁྱབ་བཏང་ནས་དམིགས་བསལ་གྱི་གནས་ཚུལ་མེད་ན་སོ་སོ་རང་ཁྱིམ་དུ་གནས་དགོས་པ་དང་།          དེ་བཞིན་སྤྱིར་བཏང་གི་ཚོང་ཙག་ཙིག་རིགས་སྒོ་རྒྱག་དགོས་ཞེས་གསུངས་ཡོད་པ་རེད།

གནས་ཚུལ་ཡོང་ཁུངས་ལ་གཞིགས་ན།          ནིའུ་ཡོག་དང་ཨེ་ལེགས་ནོར་གྱི་སྲིད་སྐྱོང་རྣམ་གཉིས་ནས་སོ་སོའི་མངའ་སྡེའི་ཡུལ་མི་རྣམས་གང་འདོད་དང་རང་དབང་གིས་འགྲོ་འོང་བྱེད་པར་བཀག་རྒྱ་བཏང་བ་དང་དུས་མཚུངས་སུ་གནད་འགག་དེ་ཙམ་མེད་པའི་ཚོང་ལས་ཙག་ཙིག་རིགས་སྒོ་རྒྱག་དགོས་པ་དང་ཛ་དྲག་གི་གནས་སྟངས་འོག་འགྲུལ་བཞུད་བྱེད་དགོས་པའི་རིགས་ལའང་ནན་སྐུལ་གནང་ཡོད་པ་རེད།      དེ་བཞིན་California དང་། Connecticut Nevada  Pennsylvania བཅས་མངའ་སྡེ་འདི་དག་གི་ནང་དུའང་སོ་སོའི་ཡུལ་མིའི་འགྲོ་འདུག་ལ་ཚད་བཀག་ངེས་ཅན་བཟོས་ཡོད་པས་ད་ཆ་ཨ་མི་རི་ཀའི་མི་འབོར་ས་ཡ་༣༢༨་ཡོད་པའི་ཁྲོད་ནས་གསུམ་ཆའི་གཅིག་ཙམ་བཀོད་ཁྱབ་འདིའི་འོག་ཚུད་ཡོད་པ་རེད། དེ་བཞིན་NewJerseyསྲིད་སྐྱོང་གིས་གཟའ་སྤེན་པ་ནས་བཟུང་མངའ་སྡེ་དེའི་ནང་གི་ཚོང་ལས་ཙག་ཙིག་རིགས་སྒོ་རྒྱག་རྒྱུའི་བཀའ་ཁྱབ་གཏོང་རྒྱུ་དང་། དེ་བཞིན་མི་ཚོགས་༥༠ལས་མང་བ་འདུ་འཛོམས་བྱེད་མི་ཆོག་པ་བཟོས་ཏེ་སྟངས་འཛིན་ནན་པོ་བྱ་རྒྱུ་རེད་འདུག ཡིན་ཡང་ཨ་རིའི་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་པའི་གྲངས་ཀ་༡༥༠༠་བརྒལ་བ་དང་ཚེ་སྲོག་ཤོར་བའི་གྲངས་ཀ་མང་ཤོས་ཀྱི་མངའ་སྡེ་ཝ་ཞིན་ཀྲོན་གྱི་སྲིད་སྐྱོང་Jay Insleeཡིས་གོང་དང་འདྲ་བའི་བཀའ་ཁྱབ་མེད་པར།         སོ་སོའི་ཡུལ་མི་རྣམས་སྒོ་ཁའི་ཕྱི་ལོག་ལ་འགྲོ་དོན་མེད་ན་མ་འགྲོ་རོགས་ཞེས་གསུངས་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།