སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་པཱ་རོལ་གཙུག་ལག་སློབ་ཆེན་དུ་གཏམ་བཤད།

2019-08-07
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་པཱ་རོལ་གཙུག་ལག་སློབ་ཆེན་དུ་གཏམ་བཤད་སྐབས། ༢༠༡༩།༨།༧
སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་པཱ་རོལ་གཙུག་ལག་སློབ་ཆེན་དུ་གཏམ་བཤད་སྐབས། ༢༠༡༩།༨།༧
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་གར་གྱི་པཱ་རོལ་(Parul)་གཙུག་ལག་སློབ་གཉེར་ཁང་དུ་དགེ་སློབ་ཁག་ཅིག་ལ་གཏམ་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྒྱ་གར་(Gujarat)་མངའ་སྡེའི་(Vadodara)་ས་ཁུལ་ལ་རྟེན་གཞི་བྱས་པའི་(Parul)་གཙུག་ལག་སློབ་གཉེར་ཁང་ལ་ཕེབས་ནས་དགེ་སློབ་ཁག་ཅིག་ལ་གཏམ་བཤད་གནང་ཡོད་པ་དང་། འདི་ཚེས་༧་ཉིན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དམངས་གཉིས་ནས་འདས་པའི་ལོ་ངོ་༦༠་རིང་བོད་མིར་གང་ཅིའི་མཐུན་འགྱུར་རོགས་སྐྱོར་དང་། བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་དང་རྒྱ་གར་བར་གྱི་འབྲེལ་བ་དེ་ནི་ལས་སྨོན་གྱི་འབྲེལ་བ་བཟང་པོ་ཞིག་ཡིན་པ་དང་། བོད་ཀྱི་སྔོན་བྱོན་སྐྱེས་བུ་དམ་པ་མང་པོ་ཞིག་རྒྱ་གར་དུ་ཕེབས་ཏེ། རྒྱ་གར་གྱི་མཁས་དབང་དག་ནས་ནང་ཆོས་སློབ་གཉེར་གནང་སྟེ་བོད་ནང་དར་སྤེལ་དང་། བོད་མི་ཚོས་རྒྱ་གར་གྱི་སློབ་མ་ཡག་པོ་བྱས་ཏེ། རྒྱ་གར་ནས་བྱུང་བའི་ནང་ཆོས་དེ་བདག་གཅེས་གང་ལེགས་བྱས་ཡོད་པ་གསུངས་ཡོད་པ་རེད།
ཁོང་གིས་བོད་ནང་རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་དང་ཆོས་ལུགས་ཀྱི་བྱེད་སྒོར་སྟངས་འཛིན་གྱིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་གང་ཐུབ་གཅེས་སྲུང་བྱེད་བཞིན་ཡོད་པ་དང་། ཡང་བོད་ཀྱི་གནད་དོན་དེ་ནི་ཆབ་སྲིད་ཀྱི་ངོ་བོ་ཙམ་མིན་པར་ཆུའི་འབྱུང་ཁུངས་དང་འབྲེལ་བའི་རྩ་དོན་གལ་ཆེ་ཞིག་ཆགས་ཡོད་པ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།