ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་འདུག

2020-03-06
གློག་འཕྲིན།
མཆན།
Share
པར་བཀོད།
ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས།
ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས།
AYP/FB

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པ་རེད་འདུག
ཉེ་ལམ་སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་གི་སྟེང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་ཡིན་སྐོར་གྱི་གནས་ཚུལ་ཞིག་བཀོད་སྤེལ་བྱས་ཡོད་པར་བརྟེན། ཟླ་བ་འདིའི་ཕྱི་ཚེས་༦་ཉིན་འདི་གའི་རླུང་འཕྲིན་ཁང་གིས་ཁ་པར་བརྒྱུད་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བཅར་འདྲི་བྱས་སྐབས། ཁོང་གིས་གནས་ཚུལ་དེ་བདེན་པ་རེད། ཁོང་མ་འོངས་༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཐག་གཅོད་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
སྤྱི་འཐུས་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནི། ཕྱི་ལོ་༢༠༠༦་ལོར་བོད་མི་མང་སྤྱི་འཐུས་སྐབས་༡༤་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འོས་འདེམས་བྱུང༌ཞིང་། ཕྱི་ལོ་༢༠༠༧་ལོར་ལྡི་ལི་ལྷོ་ཕྱོགས་བོད་རིགས་མཐུན་ཚོགས་པ་གསར་འཛུགས་དང་དེའི་སློབ་སྟོན་པའི་འགན་ཁུར་ཞུ་མུས་ཡིན་པ་དང་། དེ་ནས་ཕྱི་ལོ་༢༠༡༣་ལོར་རྒྱ་གར་གཞུང་གིས་ལཝ་ཎཱ་མཐོ་སློབ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་བྱུང་། དེ་བཞིན་༢༠༡༥ལོར་གསོ་བ་རིག་པའི་ལྷན་ཚོགས་དང༌། རྡ་ས་ཧིན་བོད་མཛའ་ཚོགས་གཉིས་ཀྱི་སློབ་སྟོན་པར་བསྐོ་གཞག་བྱུང༌ཡོད་པ་དང་། ད་ལྟའི་ཆར་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཚོགས་གཞོན་གྱི་ཐུགས་འགན་བཞེས་མུས་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།