༸སྐུའི་འཁྲུངས་སྐར་སྲུང་བརྩི་སླད་ཕྱག་དེབ་རིན་གོང་གཅོག་འཕྲི།

2020-07-25
གློག་འཕྲིན།
མཆན།
Share
པར་བཀོད།
ཤམ་བྷ་ལ་དཔར་སྐྲུན་ཁང་ནས་ཚོང་འགྱུར་ཞུ་བཞིན་པའི་ཕྱག་དེབ་ཁག་ཅིག
ཤམ་བྷ་ལ་དཔར་སྐྲུན་ཁང་ནས་ཚོང་འགྱུར་ཞུ་བཞིན་པའི་ཕྱག་དེབ་ཁག་ཅིག
ཤམ་བྷ་ལ་དཔར་སྐྲུན་ཁང་།

ཤམ་བྷ་ལ་དཔར་སྐྲུན་ཁང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥བཞེད་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཕྱི་ཟླ་བདུན་པ་འདི་འཁོར་མོའི་རིང་སྲུང་བརྩི་ཞུ་རྒྱུའི་དོན་དུ་༧མགོན་པོ་གང་ཉིད་ནས་བརྩམས་གནང་མཛད་པའི་ཕྱག་དེབ་ཁག་གི་རིན་གོང་བརྒྱ་ཆ་༣༠གཅོག་འཕྲི་གནང་སྟེ་ཚོང་འགྱུར་གནང་བཞིན་འདུག   དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ཕྱག་དེབ་ཁག་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་དང་བཅས་ཀྱི་ཆོས་བརྒྱུད་རིས་སུ་མ་མཆིས་པའི་བླ་ཆེན་རྣམས་ཀྱིས་བརྩམས་གནང་བའི་ཕྱག་དེབ་པར་བསྐྲུན་ཞུ་མཁན་ཤམ་བྷ་ལ་Publication ཞེས་པའི་པར་བསྐྲུན་ཁང་དེ་ཡིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་བཞེས་མཁན། མཁས་དབང་དང་སློབ་དཔོན་ཁྱད་དུ་འཕགས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་ཟླ་བ་འདི་ཁོར་མོའི་རིང་སྲུང་བརྩི་ཞུ་རྒྱུ་དང་འདི་ཟླའི་ཚེས་༣༡་བར་༧མགོན་པོ་གང་ཉིད་ནས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་གི་རིན་གོང་བརྒྱ་ཆ་༣༠གཅོག་འཕྲི་གནང་སྟེ་ཚོང་འགྱུར་ཞུ་བཞིན་ཡོད་སྐོར་གསུངས་འདུག དཔེ་བསྐྲུན་ལས་ཁང་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་འགའ་ཤས་ངོ་སྤྲོད་གནང་འདུག་པས།  དེ་དག་ནི་ནང་ཆོས་ངོ་སྤྲོད་དམ་An Introduction to Buddhism ཞུ་བ་དང་བདེན་བཞིའི་སྐོར་གྱི་ཕྱག་དེབ་ The Complete Foundation ཞེས་པ་དང་ Perfection Patience, Where Buddhism Meets Neuroscience, Our Human Potential, Stages of Meditation, Perfecting Wisdom, Dzogchen སོགས་རེད་འདུག ཡང་ཕྱག་དེབ་དེ་དག་འགའ་ཤས་དེང་དུས་དང་མཐུན་པའི་audioའམ་གསུང་ཡང་མཇལ་རྒྱུའི་མཐུན་རྐྱེན་སྦྱར་ཡོད་པའི་གནས་ཚུལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།