རྒྱ་ནག་གི་གནོན་ཤུཊ་འོག་མཁན་པོ་བསོད་དར་རྒྱས་ལཊ་ཀྱིས་ཆོས་ཚོཊ་ཚང་མ་སྒོ་རྒྱབ་འདུག

2020-01-03
གློག་འཕྲིན།
མཆན།
Share
པར་བཀོད།
མཁན་པོ་བསོད་དར་རྒྱས་ལགས། ༼ཟླ་ཚེས་མི་གསལ
མཁན་པོ་བསོད་དར་རྒྱས་ལགས། ༼ཟླ་ཚེས་མི་གསལ
དྲ་བཤུས། Weibo

གསེར་རྟ་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱིས་འཛམ་གླིང་གི་ས་ཕྱོགས་མང་པོར་བཙུགས་ཡོད་པའི་བྱང་ཆུབ་ཆོས་ཚོགས་ཚང་མ་རྒྱ་ནག་གི་གནོན་ཤུགས་འོག་སྒོ་རྒྱག་དགོས་བྱུང་འདུག
དེ་ཡང་སྤྱི་ལོ་༢༠༡༩་ལོའི་ཟླ་༡༢་བའི་ཚེས་༣༠་ཉིན་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱིས་ཝེ་པོ་སོགས་དྲ་ལམ་ཁག་བརྒྱུད། རྒྱལ་སྤྱིའི་ཐོག་ཡོད་པའི་ཁོང་གི་ཆོས་ཚོགས་ཁག་སྒོ་རྒྱབ་ནས་དེ་འབྲེལ་གྱི་བྱེད་སྒོ་ཁག་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག སྤྱི་ལོ་༢༠༢༠་ལོའི་ཟླ་དང་པོའི་ཚེས་༢་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་སྒོ་རྒྱག་དགོས་བྱུང་བ་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ཕྱི་ཕྱོགས་སུ་ཡོད་པའི་མཁན་པོ་བསོད་དར་རྒྱས་ལགས་ཀྱི་སློབ་མ་དེ་འདྲ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། དེ་ནི་རྒྱ་ནག་གཞུང་གིས་མཁན་པོར་གནོན་ཤུགས་སྤྲད་ནས་སྒོ་རྒྱག་དགོས་བྱུང་བ་དང་གསལ་བསྒྲགས་དེ་སྤེལ་བ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད།
མཁན་པོ་བསོད་དར་རྒྱས་ལགས་ཀྱིས་དྲ་ལམ་འདྲ་མིན་བརྒྱུད་ཕྱི་ལོ་༢༠༡༩་ལོའི་ཟླ་བ་༡༢་པའི་ཚེས་༣༠ཉིན་ཆོས་ཚོགས་ཁག་སྒོ་རྒྱག་རྒྱུའི་གསལ་བསྒྲགས་ནང་། རྒྱལ་སྤྱིའི་ཐོག་ངའི་མིང་ཐོག་ལ་ཡོད་པའི་ཆོས་ཚོགས་ཚང་མ་སྒོ་རྒྱག་རྒྱུ་དང་། ཆོས་ཚོགས་ཁག་གིས་དེ་འབྲེལ་ཀྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱས་པ་ཡིན།
འབྱུང་འགྱུར་ཆོས་ཚོགས་ཀྱི་མིང་ཐོག་ཞལ་འདེབས་བསྡུ་བ་སོགས་བྱེད་སྒོ་གང་འདྲ་ཞིག་སྤེལ་བ་ཡིན་ན་ང་དང་འབྲེལ་མེད། ང་རང་གིས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ངང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ལ། ངའི་རེ་བར་དད་ལྡན་མི་དམངས་ཚོས་ལྷག་བསམ་རྣམ་དག་ངང་ཁྲིམས་ལ་བརྩི་བཀུར་བྱེད་རོགས་ཞེས་དོན་ཚན་གསུམ་བཀོད་ཡོད་པ་རེད།
ཉིན་ཤས་གོང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འདས་མ་ཐག་པའི་སྤྱི་ལོ་༢༠༡༩་ལོའི་ཟླ་༡༡་པའི་ནང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་གསེར་རྟ་བླ་རུང་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་དང་། མཁན་པོ་བསོད་དར་རྒྱས་ལགས་གཉིས་སོ་སོར་རྒྱ་ནག་ཁྲིན་ཏུའུ་ལ་བཀའ་འགུག་གིས་ཉིན་ཤས་བཀག་ཉར་དང་འདྲི་བརྩད་བྱས་ཡོད་པར་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་ཚོས་སེམས་ཁྲལ་ཆེན་པོ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་༢༠༡༦་དང་༡༧་ལོར་གསེར་རྟ་བླ་རུང་སྒར་གྱི་ཁྱོན་གྲྭ་བཙུན་མི་གྲངས་ ༥༠༠༠་ཙམ་ཕྱིར་ཕུད་བཏང་བ་དང་། གྲྭ་ཤག་དང་ཁང་པ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།