བོད་དོན་རྒྱབ་སྐྱོར་བ་ཞིག་རྡ་རམ་སཱ་ལ་ནས་སྐུ་གྲོངས་པར་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན།

2019-10-17
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Richard Weingarten)་ལགས། ༢༠༡༨
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Richard Weingarten)་ལགས། ༢༠༡༨
tibet.net

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Richard Weingarten)་ལགས་གློ་བུར་དུ་འདས་གྲོངས་སུ་ཕྱིན་པར་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོས་མྱ་ངན་གུས་འདུད་ཞུས་འདུག
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༡༥་ཉིན་གྱི་ཕྱི་དྲོར། ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་བྱང་(Carolina)་མངའ་སྡེ་ནས་ཡིན་པའི་སྐུ་ཞབས་(Richard Weingarten)་ལགས། རྒྱ་གར་རྡ་རམ་སཱ་ལ་ནས་གློ་བུར་དུ་སྙིང་རྩ་འགག་སྟེ་འདས་གྲོངས་སུ་གྱུར་བར། བོད་མིའི་སྒྲིག་འཛུགས་གཙོས་བའི་བོད་མི་ཚོས་མྱ་ངན་གུས་འདུད་ཞུས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས། སྐུ་ཞབས་(Richard Weingarten)་ལགས་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་ནི་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་རེད་ལ། སྐུ་ཞབས་ཁོང་འདས་གྲོངས་སུ་གྱུར་བས་བོད་མི་ཚོར་གྲོགས་པོ་ཡག་པོ་ཞིག་མེད་པ་ཆགས་པ་རེད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་རེད།
དམ་པ་ཁོང་དང་སེམས་ཐག་ཉེ་བའི་བཀའ་ཟུར་བློ་བཟང་དར་རྒྱས་ལགས་ཀྱིས། སྤྱི་ལོ་༡༩༨༢་ལོར་ངོས་རང་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་དྲུང་ཆེ་ཡིན་པའི་སྐབས་ནས་དམ་པ་ཁོང་དང་འབྲེལ་བ་ཆེན་པོ་ཡོད་ལ། སྐུ་ཞབས་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་སླད་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད་པ་མ་ཟད། དམ་པ་ཁོང་ནི་དཔལ་འབྱོར་རིག་གནས་ཐོག་ལ་མཁས་ཤིང་། ཁོང་གིས་སློབ་སྟོན་འོག་སྤྱི་ལོ་༡༩༨༨་ལོར་བཙན་བྱོལ་བོད་གཞུང་གི་འཆར་འགོད་ལྷན་ཁང་གསར་འཛུགས་གནང་ཡོད་པ་འགྲེལ་བརྗོད་གནང་བ་དང་། དེང་རབས་དང་མཐུན་པར་བོད་མིའི་སྤྱི་ཚོགས་ནང་ལ་མ་རྩ་འཛུགས་འཇོག་བྱེད་ཕྱོགས་ཐད་ལ་རོགས་རམ་ཤུགས་ཆེན་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས། དམ་པ་ཁོང་ནི་བོད་མི་ཚོ་དང་འབྲེལ་བ་ཆེན་པོ་ཡོད་པའི་བོད་ཀྱི་གྲོགས་པོ་རྙིང་པ་ཞིག་རེད་ལ། དམ་པ་ཁོང་གིས་རོགས་རམ་དང་རྒྱབ་སྐྱོར་འོག་སྤྱི་ལོ་༡༩༩༠་གོ་གྲངས་ནང་བོད་མིའི་སྤྱི་ཚོགས་ཡར་རྒྱས་སླད་ཨ་སྒོར་ས་ཡ་གཅིག་གི་དཔལ་འབྱོར་འཛུགས་བསྐྲུན་ཞེས་འཆར་གཞི་ཞིག་བཏོད་གནང་ཡོད་པས། བོད་མིའི་གཞིས་ཆགས་སྲ་བརྟན་དང་སྤྱི་ཚོགས་ཡར་རྒྱས་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་དང་། ཡང་དམ་པ་ཁོང་གི་སློབ་སྟོན་དང་རོགས་རམ་འོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་འགོ་འཛུགས་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ངོ་དེབ་སྟེང་སྤེལ་འདུག
དམ་པ་ཁོང་དགུང་ལོ་༨༣ ་སྟེང་རྡ་རམ་སཱ་ལར་ཡོད་པའི་བདེ་ལེགས་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།