བོད་ཕྱི་ཕྱོགས་ཀྱི་བརྡ་འཕྲིན་ལྟ་རྒྱུར་དམ་བསྒྲགས།

རྒྱ་ནག་གཞུང་གིས་མཚོ་སྔོན་ཁུལ་གྱི་བོད་མི་ཚོས་ཕྱི་ཕྱོགས་ཀྱི་བརྡ་འཕྲིན་ལ་ལྟ་ཉན་བྱེད་བཞིན་ཡོད་པའི་དྭོགས་གཞིའི་འོག་ཉེ་ཆར་བརྙན་འཕྲིན་བརྒྱུད་ལམ་སུམ་བརྒྱ་སྐོར་བཀག་འདུག
2012-12-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅།    །དེ་ཡང་Reuter གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།    རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་བོད་ནང་བོད་རིགས་༩༥རང་ལུས་མེར་བསྲེགས་བཏང་ཡོད་ཅིང་།    རང་ལུས་མེར་སྲེག་གཏོང་མཁན་མང་ཆེ་བ་མཚོ་སྔོན་ཁུལ་ནས་ཡིན་པ་རེད།    གོང་ཞུས་ཀྱི་རང་ལུས་མེར་བསྲེགས་བཏང་བའི་གྲངས་འབོར་བཀོད་པ་དེ་ནི་ཕྱི་ལོ་༢༠༠༩་ནས་ད་བར་གྱི་བསྡོམས་འབོར་ཡིན་པ་རེད།    ཡང་རྨར་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་འབྲེལ་རྩོམ་བྲིས་ཤིག་སྤེལ་བའི་ནང་།      ད་ལྟའི་ཛ་དྲག་གི་སྐབས་འདིར་ས་གནས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཆེད་ང་ཚོས་ཐབས་ཤེས་གང་ཡོད་བྱས་ཏེ།    རང་ལུས་མེར་སྲེག་གི་ངོ་རྒོལ་ལ་གདོང་ལེན་བྱེད་དགོས་ཀྱི་རེད་ཅེས་བཀོད་པ་ཡོད་པ་རེད།    ཡང་གཞུང་འབྲེལ་རྩོམ་བྲིས་དེའི་ནང་།    རང་ལུས་མེར་སྲེག་གི་ངོ་རྒོལ་འགོག་ཆེད་མི་མང་གིས་ཏྭ་ལའི་བླ་མར་འཛིན་པའི་བསམ་བློར་སློབ་གསོ་བྱེད་དགོས་པ་དང༌།    ཉེན་རྟོག་པས་སྐོར་གཡེང་མང་དུ་གཏོང་བ།    ཕྱི་ཕྱོགས་ནས་གནོད་ཚབས་ཅན་གྱི་གནས་ཚུལ་འགོག་པ་སོགས་བྱས་ཏེ་བོད་ནང་རང་ལུས་མེར་སྲེག་གི་ངོ་རྒོལ་ལ་གདོང་ལེན་བྱེད་དགོས་ལུགས་བཀོད་ཡོད་པ་རེད།    དེ་སྔོན་རྒྱ་ནག་གཞུང་གིས་གཞུང་ཕྱོགས་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་བཙན་མོ་སྡེ་བའི་ནང་བོད་མི་ཚོས་ཨ་རིའི་རླུང་འཕྲིན་ལ་བལྟ་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ། སྔ་ཕྱི་ཐེངས་མང་པོར་ས་གནས་འབྲེལ་ཡོད་མི་སྣས་རྟོགས་ཞིབ་དང་ཞིབ་འཇུག་བརྒྱུད་སྡེ་བ་ཡོངས་ཀྱིས་བརྙན་བསྡུ་འཕྲུལ་ཆས་ཆ་ཚང་བསྡུ་རུབ་ཀྱིས་བརྙན་བསྡུ་འཕྲུལ་ཆས་གསར་བ་མཁོ་སྤྲོད་བྱས་འདུག་ལ། འདི་ལོ་ཕྱི་ཟླ་ ༤ ཡས་མས་སུ་ཡང་བསྐྱར་ས་གནས་འབྲེལ་ཡོད་མི་སྣ་དང་།    ལས་བཟོ་བ་ཁག་ཅིག་ཡོང་སྟེ་སྡེ་བའི་རི་སྟེང་དུ་གློག་སྡོང་གསར་འཛུགས་བྱས་ཏེ། ཕྱི་ཕྱོགས་ཀྱི་བརྒྱུད་ལམ་གཅིག་ཀྱང་བལྟ་མི་ཐུབ་པར་བཟོས་ཡོད་ཀྱང་། ཉེ་ལམ་བསྐྱར་དུ་མི་རེ་ཟུང་གིས་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་ལྐོག་ལྟ་བྱེད་བཞིན་པའི་དྭོགས་གཞིའི་འོག་སྡེ་བ་ཡོངས་ཀྱིས་བརྙན་འཕྲིན་བརྒྱུད་ལམ་ཆ་ཚང་བཀག་པའི་གནས་ཚུལ་བོད་ནས་གསར་འབྱོར་ཞིག་གིས་འགྲེལ་བརྗོད་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།