ལས་ཀ་རག་དགོས་ན་༧གོང་ས་ཏཱ་ལའི་བླ་མར་མཚན་སྨོད་ཞུ་དགོས་བའི་ཆ་རྐྱེན་བཞག་འདུག

2019-10-17
གློག་འཕྲིན།
མཆན།
Share
པར་བཀོད།
གསལ་བསྒྲགས་ངོ་བཤུས།
གསལ་བསྒྲགས་ངོ་བཤུས།
སྒྲིག་བཟོ།

རྒྱ་ནག་གཞུང་གིས་བོད་རིགས་མཐོ་རིམ་སློབ་གྲྭ་ཐོན་མཁན་རྣམས་གཞུང་གི་ལས་ཀར་གསར་ཞུགས་བྱེད་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨོད་ཞུ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཇོག་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁོངས་ནས་མཐོ་རིམ་སློབ་གྲྭ་ཐོན་མཁན་རྣམས་ཀྱིས་གཞུང་དང་སྤྱི་ཚོགས་ནང་ལས་ཀ་གསར་བ་འཚོལ་སྐབས། སྔོན་འགྲོའི་ཆ་རྐྱེན་གསལ་བསྒྲགས་བྱས་ཡོད་པའི་ནང་། ཁ་བྲལ་ལ་ངོ་རྒོལ་དང་།  ཏ་ལའི་བླ་མར་སྐྱོད་བརྗོད་བྱེད་དགོས་ཞེས་བཀོད་འདུག
སྤྱི་ཟླ་༡༠་པའི་ཚེས་༡༦་ཉིན་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལས་ཀ་གསར་བ་འཚོལ་མཁན་ཚོས་ལས་ཀ་རག་པར་ཐོག་མར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨོད་ཞུ་རྒྱུ་ཙམ་དུ་མ་ཟད། རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ནས་གཞུང་དང་སྤྱི་ཚོགས་ཀྱི་ལས་ཀ་ཞུ་མཁན་རྣམས་ལ་དྲག་གནོན་ཆེ་བའི་ཆ་རྐྱེན་གསར་པ་དེ་དག་བཞག་ནས། རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་ལ་རྒྱབ་སྐྱོར་ཞུ་དགོས་པ་དང༌། གཞུང་གི་བལྟ་བ་ལངས་ཕྱོགས་བརྟན་པོ། གཞུང་གི་སྲིད་བྱུས་ལྟར་འགྲོ་དགོས་པ། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ལས་དོན་ནང་ཞུགས་དགོས་པ། དེ་བཞིན་ཁ་བྲལ་གྱི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་དང༌། གོང་ས་ཏཱ་ལའི་བླ་མར་མཚན་སྨད་ཞུ་དགོས་པ། མེས་རྒྱལ་དང་མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བྱས་པའི་ཐོག་ནས་ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པོ་དང་གསལ་པོ་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་བཞིན་པ་རེད་འདུག
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་(Matteo Mecacci)་ལགས་ཀྱིས། རྒྱ་ནག་གིས་བཏོན་པའི་ཆ་རྐྱེན་དེ་དག་ནི་རྒྱ་ནག་གི་དབང་འཛིན་པས་འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་ངང་། བོད་ནང་གི་བོད་མི་ལ་མི་རིགས་དབྱེ་འབྱེད་དང་། ༧གོང་ས་ཏཱ་ལའི་བླ་མར་མཚན་སྨད་ཞུ་རུ་འཇུག་གི་ཡོད་པ་རེད་ཞེས་རྒྱ་ནག་གཞུང་གི་བྱེད་ཐབས་དེར་སྐྱོན་བརྗོད་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།