ཡུ་གུར་གྱི་ཉེན་རྟོག་འགོ་ཁྲིད་ཅིག་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་འདུག

2019-10-22
གློག་འཕྲིན།
མཆན།
Share
པར་བཀོད།
ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་ནང་གི་རྒྱ་ནག་གི་ཉེན་རྟོག་པ། ༢༠༡༧
ཤར་ཏུར་ཀིསི་ཐན་ནམ་ཤིན་ཅང་ནང་གི་རྒྱ་ནག་གི་ཉེན་རྟོག་པ། ༢༠༡༧
AP

ཤར་ཏུར་ཀིསི་ཐན་ནམ་རྒྱ་ནག་གིས་བརྗོད་བཞིན་པའི་ཤིན་ཅང་ས་གནས་ཀྱི་ཉེན་རྟོག་པའི་འགོ་ཁྲིད་ཅིག་གིས། ཡུ་གུར་བ་མང་པོ་བཀག་སྐྱིལ་བྱེད་བཞིན་པ་ཚོ་རྐྱེན་འདས་སུ་འགྲོ་སྲིད་པར་སེམས་འཚབ་ཀྱི་རྣམ་འགྱུར་བསྟན་པའི་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་ཤོར་བཅུག་མཁན་གྱི་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་འདུག
ཤར་ཏུར་ཀིསི་ཐན་གྱི་(Akusu)་ཁུལ་(Kuchar)་རྫོང་(Ucha)་གྲོང་བརྡལ་ནས་ཡིན་པ་ཉེན་རྟོག་འགོ་ཁྲིད་(Himit Qari)་ཞེས་བས། རྒྱ་ནག་གཞུང་གིས་ཤིན་ཅང་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁྲོད། ཡུ་གུར་མི་རིགས་མང་པོ་བཀག་སྐྱིལ་བྱེད་བཞིན་པ་ཚོ་རྐྱེན་འདས་སུ་འགྲོ་སྲིད་པར་སེམས་འཚབ་ཀྱི་རྣམ་འགྱུར་བསྟན་པའི་རྗེས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། (Kuchar)་ས་གནས་ནས་འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་བརྗོད་ན། ད་ལོའི་ལོ་འགོར་གོང་ཞུས་ཉེན་རྟོག་འགོ་བ་(Himit Qari)་ཞེས་པ་དེའི་གྲོགས་པོ་ཞིག་གི་ཁྱིམ་ནང་འདུ་འཛོམས་ཤིག་གི་སྐབས། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༧་ལོ་ནས་བཟུང་མི་མང་པོ་བཀག་སྐྱིལ་ར་བའི་ནང་བཅུག་པ་དེ་ནི་འོས་འཚམས་མིན་པ་དང་། ཁོང་ཚོ་བཀག་སྐྱིལ་འོག་ནས་རྐྱེན་འདས་སུ་འགྲོ་སྲིད་པར་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་པར་བརྟེན་བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་(Kuchar)་རྫོང་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས། ད་ལྟ་ལོ་ན་ ༤༥་ཡིན་པའི་(Qari)་ཞེས་པ་དེ་འབོད་འགུག་གིས་འདྲི་ཞིབ་བྱས་བ་དང་། རྗེས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་བའི་ཉེས་འཛུགས་ཀྱིས་བཙོན་འཇུག་བྱས་ཡོད་པ་བརྗོད་འདུག
ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་ནས་བརྗོད་ན། ཉེན་རྟོག་འགོ་བ་དེས་གོང་བརྗོད་འདུ་འཛོམས་དུས་སུ། སྤྱི་ལོ་༢༠༡༧་ལོར་ཡུ་གུར་བ་མང་པོ་(Kuchar)་ས་གནས་སུ་བཀག་སྐྱིལ་བཙོན་འཇུག་སྐབས་མི་སྣ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བརྗོད་ཡོད་ནའང་ཞིབ་ཕྲའི་གྲངས་ཀ་གསལ་འདོན་བྱས་མེད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་(Ucha)་གྲོང་བརྡལ་གྱི་ཉེན་རྟོག་ལས་ཁང་དུ། གོང་ཞུས་(Qari)་ཡི་གྱོད་དོན་དེའི་ཐད་འདྲི་རྩད་བྱས་སྐབས་ལས་རེས་ཉེན་རྟོག་པས་ཁོས་གནས་ཚུལ་དེ་ཤེས་རྟོགས་མེད་པ་དང་གོང་རིམ་ལ་འདྲི་དགོས་བ་བརྗོད་ཡོད།
ཡང་ལས་བྱེད་གཞན་ཞིག་ནས་ཁོ་བོས་གྱོད་དོན་དེ་ཞིབ་ཕྲ་ཤེས་རྟོགས་ཡོད་ཀྱང་གསར་འགོད་པར་གནས་ཚུལ་དེ་བརྗོད་འདོད་མེད་པའི་རྣམ་འགྱུར་བསྟན་འདུག
རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་དང་ཕྱེད་ཀ་ཙམ་ལ་ཆོས་ལུགས་འདུ་ཤེས་ཐལ་དྲགས་ཡོད་ཚུལ་བརྗོད་ནས་སློབ་གསོ་བསྐྱར་མ་ཟེར་བ་སྤྲད་ནས་བཀག་སྐྱིལ་བྱེད་བཞིན་པ་དེར་་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་སོགས་ནས་སྐྱོན་བརྗོད་བྱེད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།