བལ་ཡུལ་གཞུང་གིས་བདུན་གཅིག་རིང་རྒྱལ་ཡོངས་སྒོ་བརྒྱབ་པ།

2020-03-28
གློག་འཕྲིན།
མཆན།
Share
པར་བཀོད།
རི་བོ་ཇོ་མོ་གླང་མ། ༢༠༡༥
རི་བོ་ཇོ་མོ་གླང་མ། ༢༠༡༥
AP

བལ་ཡུལ་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་མི་འགྲོ་བའི་ཆེད་བདུན་གཅིག་རིང་རྒྱལ་ཡོངས་སྒོ་བརྒྱབ་པའི་རྐྱེན་གྱིས་གངས་རི་ཇོ་མོ་གླང་མའི་མངའ་ཁུལ་དུ་ལྷག་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གནམ་ཐོག་ནས་རྒྱལ་ས་ཀ་ཋ་མན་ཌུར་དབོར་འདྲེན་བྱ་རྒྱུ་འགོ་འཛུགས་གནང་འདུག་ལ། ཕྱི་རྒྱལ་བ་རྣམས་ཀ་ཋ་མན་ཌུ་ནས་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུ་ཡིན་པའི་གནས་ཚུལ་འདུག          དེ་ཡང་རེས་གཟའ་ཕུར་བུ་དང་པ་སངས་ཉིན་Lukla གནམ་ཐང་ནས་Tara Air ཞེས་པའི་གནམ་གྲུ་ལས་ཁང་གིས་མི་གྲངས་༡༦ཤོང་བའི་གནམ་གྲུ་ཉིན་རེར་ཐེངས་གཉིས་རེ་བཏང་ནས་སྤྲོ་འཆམ་པ་རྣམས་ཀ་ཋ་མན་ཌུར་དབོར་འདྲེན་བྱས་ཡོད་པ་དང་།  དེ་རིང་རེས་གཟའ་སྤེན་པའི་ཉིན་Nepal Airlines ཞེས་པ་དང་།      Summit Air ཞེས་པས་ཀྱང་Luklaགནམ་ཐང་ནས་ཕྱི་རྒྱལ་བ་དབོར་འདྲེན་བྱ་རྒྱུ་འགོ་འཛུགས་བྱས་ཡོད་སྟབས། དེ་རིང་ཉུང་མཐར་གནམ་གྲུ་ཐེངས་བཅུ་ཙམ་འཕུར་བསྐྱོད་བྱ་རྒྱུ་ཡིན་འདུག

རྒྱལ་ས་ཀ་ཋ་མན་ཌུ་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ནང་ནས་ ཨོ་སི་ཀྲོ་ལི་ཡ་དང་། དབྱིན་ཇི། ཕ་རན་སི། སུད་སི། ཨ་མི་རི་ཀ་བཅས་ཀྱི་གཞུང་ཚབ་ནས་རང་རང་གི་ཡུལ་མི་སྐྱོབ་ཐབས་སུ་ཐུགས་འཁུར་ཆེ་བཞེས་གནང་ཡོད་འདུག རོབ་རྩིས་བྱས་ན་གངས་རི་ཇོ་མོ་གླང་མའི་ཁུལ་རི་འཛེགས་པ་དང་ཐག་རིང་རྒྱང་སྐྱོད་བྱེད་མཁན་གངས་འཛེགས་པ་སོགས་ཁྱོན་ཕྱི་རྒྱལ་བ་བཞི་བརྒྱ་ཙམ་ལྷག་ཡོད་པ་དང་། དེ་བཞིན་བལ་ཡུལ་པོཀ་ར་ཁུལ་དུའང་ཕྱི་རྒྱལ་གྱི་སྤྲོ་འཆམ་པ་བརྒྱད་བརྒྱ་ཙམ་ལྷག་ཡོད་པ་དང་། ཁྱོན་བསྡོམས་བལ་ཡུལ་ནང་ཕྱི་རྒྱལ་བ་ཁྲི་གཅིག་ཙམ་བལ་ཡུལ་སྒོ་བརྒྱབ་པའི་སྐབས་འགྲོ་བསྐྱོད་མ་ཐུབ་པར་ལྷག་ཡོད་ལུགས་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གིས་རོབ་རྩིས་གནང་བཞག

ཡང་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་བལ་ཡུལ་གཞུང་གིས་ཕྱི་སྐྱོད་མི་ཆོག་པར་ནང་དུ་སྡོད་དགོས་པའི་བཀའ་ཁྱབ།          དེ་བཞིན་ཕྱི་ཟླ་བཞི་པའི་ཟླ་དཀྱིལ་བར་ཕར་འགྱངས་གནང་སྲིད་ལུགས་Nepal Times ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།