རྒྱ་ནག་གཞུང་གིས་ལྷོ་སོག་པོའི་ངོ་རྒོལ་ལས་འགུལ་ཐོག་དྲག་གནོན་དང་མི་མང་པོ་འཛིན་བཟུང་བྱས་འདུག

2020-09-15
གློག་འཕྲིན།
མཆན།
Share
པར་བཀོད།
ལྷོ་སོག་པོའི་ནང་གི་(Tongliao)་སློབ་འབྲིང་གི་མདུན། ༢༠༢༠།༩།༡༠
ལྷོ་སོག་པོའི་ནང་གི་(Tongliao)་སློབ་འབྲིང་གི་མདུན། ༢༠༢༠།༩།༡༠
AFP

རྒྱ་ནག་གཞུང་གིས་ནང་སོག་གམ་ལྷོ་སོག་པོའི་ནང་གི་སློབ་གྲྭ་ཁག་གི་ནང་སློབ་དེབ་དང་སློབ་ཚན་རྣམས་སོག་ཡིག་གི་ཚབ་ཏུ་རྒྱ་ཡིག་ནང་སློབ་ཁྲིད་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སོག་པོའི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པའི་ཐོག་ད་ཆ་དྲག་གནོན་དང་མི་མང་པོ་འཛིན་བཟུང་བྱས་དང་བྱེད་བཞིན་པར་བརྟེན་སློབ་ཕྲུག་རྣམས་སློབ་གྲྭར་མ་གཏོང་ཐབས་མེད་ཆགས་འདུག
སློབ་གྲྭ་ཁག་གི་ནང་གཙོ་བོ་རྒྱ་སྐད་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱས་པ་ཡིན་ན། རིམ་པས་སོག་པའི་རིག་གཞུང་དང་སྐད་ཡིག་ཤུལ་མེད་འགྲོ་བའི་ཞེད་སྣང་འོག་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ཞིག་ཡིན་ཀྱང་དེར་གྲུབ་འབྲས་དེ་ཙམ་མ་སོན་པར། ད་ཆ་རིམ་བཞིན་ནང་སོག་གི་ཕ་མ་ཚོས་རང་གི་ཕྲུ་གུ་སློབ་གྲྭར་གཏོང་བཞིན་པ་ཧྥ་རན་སིའི་གསར་འགྱུར་ལས་ཁང་གིས་འདི་ཚེས་༡༥་ཉིན་གནས་ཚུལ་སྤེལ་འདུག
ཉེ་བའི་ནང་སོག་པོ་བ་ཚོས་རྒྱ་ནག་གི་སློབ་གསོའི་སྲིད་ཇུས་དེ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཁྲོད་སློབ་ཕྲུག་འབུམ་༣་ཙམ་སློབ་གྲྭ་མ་སོང་བར་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་རིམ་པས་དེའི་ཐོག་དྲག་གནོན་བྱས་བ་དང་། དྲག་གནོན་ཁྲོད་ཉུང་མཐར་ཡང་མི་གྲངས་དགུ་རྐྱེན་འདས་སུ་ཕྱིན་པ་དང་། མི་གྲངས་སྟོང་ཕྲག་བརྒལ་བ་འཛིན་བཟུང་བྱས་ཡོད་པ་ཨ་རིའི་ནང་གི་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གནས་ཚུལ་སྤེལ་འདུག
ཧྥ་རན་སུའི་གསར་ལས་ཁང་གི་གནས་ཚུལ་ནང་ལྷོ་སོག་པོ་བ་རྒན་རབས་པ་ཞིག་གིས། རང་གི་ཕྲུ་གུ་ཉེན་རྟོག་པའི་ལྟ་རྟོག་འོག་སློབ་གྲྭ་ནས་ཕྱིར་ལོག་བྱ་བཞིན་པ་མཐོང་སྐབས་ཁོང་ཚོས་ད་བར་སློབ་གྲྭའི་སློབ་ཚན་གཏན་འབེབས་བྱ་ཕྱོགས་ཐད་ལས་འགུལ་སྤེལ་བ་དེར་ད་ཆ་ཕམ་ཉེས་བྱུང་བ་ངོས་ལེན་བྱས་འདུག་ལ། མིང་འདོན་བྱ་འདོད་མེད་པའི་སོག་པོ་ཞིག་གིས་(Tongliao)་སོག་པོའི་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་བདུན་ཕྲག་གཅིག་ཙམ་རིང་སློབ་གྲྭར་མ་ཕྱིན་པར་ངོ་རྒོལ་བྱས་ནས་བསྡད་པའི་རྗེས། བསྐྱར་དུ་སློབ་གྲྭར་འགྲོ་བཞིན་པ་བལྟ་བཞིན་ཁོང་གིས་ཧྥ་རན་སི་གསར་ལས་ཁང་ལ། ང་ཚོར་རྒྱ་སྐད་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་གཙོ་བོ་བྱ་རྒྱུར་ངོ་རྒོལ་བྱ་འདོད་དང་། སྙིང་སྟོབས་ད་དུང་ཡོད་ཀྱང་ང་ཚོ་ཞེད་སྣང་ངང་གནས་ཡོད་ཅེས་བཤད་འདུག
སྲིད་འཛིན་ཞི་ཅིན་ཕིང་གི་ཤེས་ཡོན་སྲིད་ཇུས་དྭང་དུ་མ་བླངས་བའི་ཐོག རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༦ ་པའི་ནང་ལྷོ་སོག་པའི་སློབ་གྲྭ་ཁག་གི་སློབ་ཚན་རྣམས་སོག་ཡིག་གི་ཚབ་ཏུ་རྒྱ་ཡིག་ནང་སློབ་ཁྲིད་བྱེད་པའི་སྲིད་བྱུས་བཏོན་པར། ནང་སོག་གམ་ལྷོ་སོག་པོའི་མི་མང་སྟོང་ཕྲག་མང་པོས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི། མི་ལོ་བཅུ་ཕྲག་མང་པོའི་རྗེས་མི་མང་ཁྱོན་ཆེ་འདུ་འཛོམས་བྱས་པ་ཐོག་མ་དེ་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ངོ་རྒོལ་ལས་འགུལ་བའི་ཐོག་དྲག་གནོན་བྱ་རྒྱུ་འགོ་འཛུགས་བྱས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་རིག་གཞུང་གི་ངོ་བོའི་ལམ་ནས་རྒྱལ་ཁབ་དང་བསམ་བློའི་འཆར་སྣང་གི་མཐུན་འབྲེལ་ཞེས་པའི་འཆར་སྣང་འགྲུབ་ཆེད། བོད་དང་ཤིན་ཅང་། ལྷོ་སོག་པོ་བཅས་ཀྱི་ས་ཁུལ་ནང་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་སློབ་ཁྲིད་གཙོ་བཟུང་བྱས་ནས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ནུས་པ་ཉམས་སུ་བཅུག་རྒྱུའི་སྲིད་ཇུས་འཛིན་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།