མེག་ལོཊི་གྷན་ཇིའི་ནང་ཡོད་པའི་རྒྱ་གར་གྱི་ཚོང་ཁང་རྙིང་ཤོས་དེ་སྒོ་རྒྱག་རྒྱུ་ཡིན་འདུག

2020-08-25
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིའི་(McLeodganj)་ལྟེ་བར་ཆགས་པའི་རྒྱ་གར་གྱི་ཚོང་ཁང་རྙིང་ཤོས་(Nowrojee) 2019/11
བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིའི་(McLeodganj)་ལྟེ་བར་ཆགས་པའི་རྒྱ་གར་གྱི་ཚོང་ཁང་རྙིང་ཤོས་(Nowrojee) 2019/11
Lhuboom/RFA

བཞུགས་སྒར་རྡ་རམ་སཱ་ལའི་མེག་ལོཊི་གྷན་ཇིའི་ནང་ཡོད་པའི་རྒྱ་གར་གྱི་ཚོང་ཁང་རྙིང་ཤོས་ནཝོ་རོ་ཇི་ཞེས་པ་དེ་སྒོ་རྒྱག་རྒྱུ་ཡིན་འདུག
དེ་ཡང་རྒྱ་གར་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིའི་(McLeodganj)་ལྟེ་བར་ཆགས་པའི་རྒྱ་གར་གྱི་ཚོང་ཁང་རྙིང་ཤོས་(Nowrojee)་ཞེས་བ་ད་ཆ་སྒོ་རྒྱག་རྒྱུ་ཡིན་འདུག ཚོང་ཁང་དེ་བཞིན་རྒྱ་གར་ནང་པར་སི་ཞེས་འབོད་པའི་མི་རིགས་(Nowrojee)་ཁྱིམ་ཚང་གིས་མི་ཐོག་དྲུག་གི་རིང་བདག་གཉེར་བྱས་པའི་དབྱིན་ཇིའི་དབང་འོག་ཏུ་ཡོད་པའི་སྐབས་ཏེ་ལོ་ངོ་༡༦༠་ཙམ་ཕྱིན་པའི་ཚོང་ཁང་རྙིང་ཤོས་དེ་ཆགས་ཀྱི་ཡོད་པ་རེད། གོང་ཞུས་ཁྱིམ་ཚང་གི་མི་ཐོག་ཁོངས་ནས་(Nauzer Nowrojee)་ཞེས་པ་དེ་བཞིན་ཡོངས་གྲགས་ཆེ་ཤོས་ཡིན་པ་དང་། བོད་མི་ཚོ་བཙན་བྱོལ་དུ་འབྱོར་བའི་རྗེས་ཁོང་གི་ཚོང་ཁང་དེ་བཞིན་འགྲོ་རྒྱུགས་ཆེན་པོ་བྱུང་ཡོད་པ་དང་། ས་གནས་ཀྱི་གནད་ཡོད་མི་སྣ་ཞིག་ཡིན་པའི་ཆ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད་། ཡིན་ནའང་ཁོང་ཕྱི་ལོ་ ༢༠༠༢ ་ལོར་འདས་གྲོངས་སུ་ཕྱིན་པའི་རྗེས། ཚོང་ཁང་དེ་བཞིན་ཁོང་གི་བུ་ཕྲུག་ཚོས་དམིགས་བསལ་བདག་པོ་རྒྱག་རྒྱུར་ས་གནས་སུ་གནས་སྡོད་བྱེད་ཀྱི་མེད་པའི་ཆ་ནས་དཀའ་ངལ་ཡོད་པ་སོགས་ལ་བརྟེན་ད་ཆ་བུ་སྤུན་གཉིས་ཀྱིས་ཚོང་བསྒྱུར་ཐག་ཆོད་ཟིན་པ་ཞིག་ཡིན་འདུག ད་རེས་ཚོང་ཁང་འདི་སྒོ་རྒྱག་རྒྱུའི་ཐག་ཆོད་ཐད་བློ་ཕམ་པོ་ཞིག་འདུག་ཀྱང་། ཐབས་ཤེས་གང་ཡང་མི་འདུག་ཅེས་དམ་པ་དེའི་བུ་ཆུང་བ་(Parvez Nowrojee)་ཡིས་འགྲེལ་བརྗོད་བྱས་འདུག
གོང་ཞུས་ཚོང་ཁང་དེ་བཞིན་ལོ་རྒྱུས་ལྡན་པ་ཞིག་ཡིན་པར་བརྟེན། ད་རེས་སྒོ་རྒྱག་རྒྱུའི་ཐག་ཆོད་དེར་ས་གནས་ཡུལ་མི་ཚོས་བློ་ཕམ་དང་བཅས་ཚོང་ཁང་འདི་ནི་ཁོང་རྣམས་ཆུང་དུས་མཚར་ལོངས་བྱུང་བའི་སྐབས་ཀྱི་འཆར་སྣང་ཡག་ཤོས་གྲས་ཤིག་ཡིན་ཞེས་འགྲེལ་བརྗོད་བྱས་བ་རྒྱ་གར་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།