རྒྱ་ནག་དེ་འཛམ་གླིང་སྒྲིག་འཛུགས་ལ་ཉེན་ཁ་ཆེ་ཤོས་ཤིག་རེད།

2020-02-15
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་བདེ་སྲུང་དྲུང་ཆེ་Mark Esper གིས་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཐེངས་༥༦ཐོག་གཏམ་བཤད་གནང་བཞིན་པ།
ཨ་རིའི་བདེ་སྲུང་དྲུང་ཆེ་Mark Esper གིས་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཐེངས་༥༦ཐོག་གཏམ་བཤད་གནང་བཞིན་པ།
ཨེ་ཨེཕ་པི།

ཨེ་པི་གསར་ལས་ཁང་གིས་གཟའ་སྤེན་པ་སྤྱི་ཚེས་༡༥ཉིན་གནས་ཚུལ་སྤེལ་བ་གཞིགས་ན།        ཨ་རིའི་བདེ་སྲུང་དྲུང་ཆེ་Mark Esper གིས་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་གིས་ནུབ་ཕྱོགས་ཡུལ་ལུང་གི་རིག་གནས་དངོས་རྫས་སོགས་རྐུ་འཁྱེར་བྱེད་པ་དང་ཡང་ཡུལ་ལུང་ཆུང་བ་ཚོར་སྡིག་ར་བསྐུལ་བ་སོགས་ཐབས་ཇུས་འདྲ་མིན་གྱི་ཐོག་ནས་ཁེ་བཟང་ལེན་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

དེ་ཡང་གོང་ཞུས་ཨ་རིའི་བདེ་སྲུང་དྲུང་ཆེ་ཁོང་གིས་འཇར་མ་ནི་ (Germany) གྱི་གྲོང་ཁྱེར་མཱུ་ནིཀ་(Munich) ནང་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ཐེངས་༥༦ཐོག་གཏམ་བཤད་སྤེལ་སྐབས་རྒྱ་ནག་དེ་བཞིན་གཏུམ་པོའམ་ཇག་པའི་སྲིད་གཞུང་ཞེས་འབོད་པའི་བྱང་ཀོ་རི་ཡ་དང་ཨི་རཱན།        དེ་བཞིན་Russiaཕུད་པའི་ ཨ་རིའི་དགྲ་བོ་ཞིག་ཏུ་ཆགས་སྲིད་པའི་ཐོ་གཞུང་ནང་ཡོད་པའི་རྒྱ་ནག་དམར་ཤོག་གཞུང་ལ་ཉེས་འཛུགས་ཤུགས་ཆེ་བྱས་ཡོད་པ་རེད།

ད་དུང་ཨ་རིའི་དཔོན་རིགས་དེས་རྒྱ་ནག་དམར་ཤོག་གཞུང་དེ་ལམ་ནོར་ཞིག་ཏུ་ཇེ་རིང་དང་ཇེ་མགྱོགས་སུ་འགྲོ་བཞིན་པ་རེད། རྒྱ་ནག་ནང་དུ་དྲག་གནོན་དང་གཉའ་གནོན། རྒྱལ་ཁབ་གཞན་ལ་ཇག་བཅོམ་གྱི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱེད་པ་དང་།        ད་དུང་བློ་འཚབ་ཆེ་ཤོས་དེ་ནི་དམག་དོན་གྱི་བཙན་ཤུགས་སྟོན་པ་དེ་རེད། དེར་བརྟེན་ཡོ་རོབ་རྒྱལ་ཁབ་ཁག་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་ངེས་པར་དུ་རྒྱ་ནག་གིས་ཇི་ཙམ་འཇིགས་སྐུལ་བྱས་བར་གཉིད་ལས་བསད་དགོས་པ་ཞིག་རེད་ཅེས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གསུངས་ཡོད་པ་རེད། གཞན་ཡང་ཁོང་གིས་ཨ་རིའི་གཞུང་གིས་རྒྱ་ནག་དང་མཉམ་འཁྲུག་རྩོད་བྱ་རྒྱུའི་འདོད་པ་མེད་པ་མ་ཟད།  ད་དུང་རྒྱ་ནག་ལ་ཏོག་དབྱིབས་ནད་འབུ་གསར་པ་ཁྱབ་བརྡལ་འགོག་ཐབས་ཀྱི་ཆེད་དུ་ཨ་རིས་སྨན་གྱི་དགོས་མཁོ་མཁོ་སྤྲོད་བྱེད་ཡོད་ཅེས་གསུངས་འདུག

ད་དུང་ཁོང་གིས་རྒྱ་ནག་གིས་རྒྱལ་སྲུང་དམིགས་ཡུལ་དང་འབྲེལ་དྲང་པོ་དང་ཕྱི་གསལ་ནང་གསལ་ཇི་ཙམ་བྱེད་ཀྱི་ཡོད་མེད་ང་ཚོས་དོགས་པ་སྐྱེས་ཡུལ་ཞིག་རེད།དེ་ཡང་རྒྱ་ནག་གིས་སྤྱི་ལོ་༢༠༣༥ལོའི་ནང་རྒྱ་ནག་གི་དམག་དོན་དེང་དུས་ཅན་ཏུ་བསྒྱུར་ཚར་བ་བྱ་རྒྱུ་དང་། ༢༠༤༩སྔོན་རྒྱལ་སྤྱིའི་དམག་དོན་སྟོབས་ཤུགས་ཅན་ཞིག་ཏུ་བསྒྱུར་ནས་ཨེ་ཤེ་ཡ་དབང་བསྒྱུར་བྱ་རྒྱུ་རྒྱ་ནག་གིས་མཐར་ཐུག་གི་དམིགས་ཡུལ་དེ་གསལ་པོ་བཟོས་པ་རེད་ཅེས་བརྗོད་ཡོད་པ་རེད།

ང་ཚོས་རྒྱ་ནག་དེ་རྒྱུན་གཏན་གྱི་ལུང་པ་ཞིག་ཡོང་རེ་དང་དེ་ནི་རྒྱ་ནག་གི་རྣམ་འགྱུར་དང་སྲིད་ཇུས་ཀྱི་ཁ་ཕྱོགས་འགྱུར་བ་གཏོང་དགོས་པ་ཞིག་རེད་ཅེས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་མཆོག་གིས་གསལ་སྟོན་གནང་འདུག འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yi ལགས་ཀྱིས་ཨ་རིའི་རྒྱ་ནག་ལ་སྐྱོན་བརྗོད་དེ་དག་ནི་གཞི་རྩ་མེད་པ་དང་སྐྱག་བརྫུན་ཞིག་རེད་ཅེས་འཇར་མ་ནིའི་ནང་ཚོགས་པའི་རྒྱལ་སྲུང་གི་ལྷན་ཚོགས་དེའི་ཐོག་བརྗོད་ཡོད་པ་རོཡ་ཊར་ས་གསར་ལས་ཁང་གིས་ལུང་འདྲེན་བྱེད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།