ལི་ཐང་རྟ་རྒྱུག་དམ་དྲག་གི་གནས་སྟངས་འོག་འཁྲབ་སྟོན་ལྟ་བུའི་ཐོག་ནས་ཚོགས་འདུག

2020-08-04
གློག་འཕྲིན།
མཆན།
Share
པར་བཀོད།
ལི་ཐང་རྟ་རྒྱུག་སྐབས་ཀྱི་རོང་རྒྱས་ཨ་གྲགས། ༢༠༠༧
ལི་ཐང་རྟ་རྒྱུག་སྐབས་ཀྱི་རོང་རྒྱས་ཨ་གྲགས། ༢༠༠༧
པར་ཚགས།

ལི་ཐང་རྟ་རྒྱུག་ཆེན་མོ་ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་དམ་དྲག་ཤུགས་ཆེན་གྱི་གནས་སྟངས་འོག་འཁྲབ་སྟོན་ལྟ་བུའི་ཐོག་ནས་ཚོགས་ཡོད་འདུག
སྤྱི་ལོ་༢༠༠༧་ལོའི་ཟླ་༨་ཚེས་༡་ཉིན་རོང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་ནག་གི་དམག་གི་དུས་སྟོན་དང་མཉམ་ལི་ཐང་རྟ་རྒྱུག་ཚོགས་བཞིན་པའི་ཐོག སོ་སོའི་མངོན་འདོད་དང་བོད་ནང་གི་དངོས་ཡོད་གནས་སྟངས་ཐད། ༧གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས། ཀུན་གཟིགས་པན་ཆེན་རིན་པོ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་གློད་བཀྲོལ་གཏོང་དགོས་ཞེས་སོགས་གཏམ་བཤད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་མི་ལོ་བརྒྱད་ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ནས་སྤྱི་ལོ་༢༠༡༥་ལོའི་ཟླ་བདུན་པའི་ཚེས་༣༡་ཉིན་ལོ་བརྒྱད་ཀྱི་ཁྲིམས་ཆད་ཀྱི་དུས་ཡུན་ཚང་ནས་གློད་གྲོལ་བྱུང་ཡོད།
དེའི་རྗེས་སུ་ལི་ཐང་རྟ་རྒྱུག་ཆེན་མོ་དེ་ལོ་ངོ་༡༢་རིང་ལ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ནས་སྤྱི་ལོ་༢༠༡༩་ལོར་ཚོད་ལྟ་ལྟ་བུའི་ཐོག་ནས་མི་ཉུང་ཤོས་འཛོམས་ནས་རྟ་རྒྱུག་དུས་སྟོན་ཚོགས་ཡོད།
དེའི་རྗེས་ཉེ་ཆཪ་སྤྱི་ཟླ་༧་ཚེས་༢༩་ཉིན་རྒྱ་ནག་གཞུང་གིས། ལི་ཐང་རྟ་རྒྱུག་ཆེན་མོ་ཚུགས་བཞིན་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ཀྱང་དོན་དངོས་ཐོག་ལ་རྟ་རྒྱུག་དུས་སྟོན་ནང་མི་མང་ཆེ་བ་དེ་རྒྱ་ནག་གཞུང་གི་ལས་བྱེད་དང་། སློབ་གྲྭ་བ་རང་ཡིན་པ་ལས་མི་མང་ཉུང་ཤོས་ཞིག་ཡོད་པ་དེ་ཚོས་སོ་སོའི་ངོ་སྤྲོད་ལག་ཁྱེར་སྟོན་ནས་བསྐྱོད་དགོས་པ་མ་ཟད། སྐད་འབོད་སོགས་ཀྱི་ལས་འགུལ་རིགས་མི་སྤེལ་རྒྱུའི་ཁས་ལེན་དམ་བཅའ་འཇོག་བཅུག་པ་དང་། དེ་བཞིན་ཆབ་སྲིད་བཙོན་པ་དང་རྒྱ་ནག་གཞུང་གིས་དོགས་པ་ཡོད་པའི་མི་སྣ་ཚོར་ལྟ་སྲུང་ནན་པོ་བྱེད་བཞིན་པ་ས་གནས་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།