སྤྲུལ་སྐུ་ཨྱོན་སྟོབས་རྒྱལ་ལགས་ཀྱི་གསུང་སྟངས་ཐད་བཀའ་སྤྱི་གཉིས་ཀྱིས་བློ་ཕམ་བྱས་འདུག

2020-05-27
གློག་འཕྲིན།
མཆན།
Share
པར་བཀོད།
བཀའ་ཤག་གི་གསལ་བསྒྲགས། ༢༠༢༠།༥།༢༧
བཀའ་ཤག་གི་གསལ་བསྒྲགས། ༢༠༢༠།༥།༢༧
དྲ་བཤུས།

སྤྱི་ཟུར་སྤྲུལ་སྐུ་ཨྱོན་སྟོབས་རྒྱལ་ལགས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་བྱ་སྤྱོད་དེར་བཀའ་སྤྱི་གཉིས་ཀྱིས་བློ་ཕམ་དང་བཅས་ནོར་འཁྲུལ་དུ་ངོས་འཛིན་ཞུས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་རིང་བར་དྲ་བརྙན་བརྒྱུད་དབང་གནང་རྒྱུའི་གནས་ཚུལ་དང་འབྲེལ་ནས། ཉེ་ལམ་སྤྱི་ཟུར་སྤྲུལ་སྐུ་ཨྱོན་སྟོབས་རྒྱལ་ལགས་ཀྱིས་སྐད་འཕྲིན་ཐོག་ནས་༧གོང་མཆོག་ལ་མཚན་སྨད་ཞུས་པ་དེའི་ཐད། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བློ་ཕམ་ཚད་མེད་དང་བཅས་བྱ་སྤྱོད་དེ་ནོར་འཁྲུལ་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་བརྒྱུད་བསྒྲགས་གནང་འདུག
འདིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྡ་རམ་ས་ལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས

མཆན། (0)
Share
དྲ་གནས་ཆ་ཚང༌།