རྡ་སར་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ།

ཕྱི་ཚེས་ཉི་ཤུ་རྩ་དགུའི་ཉིན་བཞུཊ་སྒར་རྡ་རམ་ས་ལར་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་ཞིག་གནང་ཡོད་པ།
2010-04-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཕྱི་ཟླ་བཞི་པའི་ཚེས་༢༩རེས་གཟའ་ཕུར་བུའི་ཉིན། བཞུགས་སྒར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོང་གི་སྤྱི་ཐབ་ཡང་སྟེང་དུ། འཕགས་ཡུལ་ཇོ་ནང་མ་དགོན་མཁན་ལས་རྣམ་པས་གོ་སྒྲིག་ཐོག་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་ཞིག་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོན་མ་ལགས། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་གྲངས་བརྒྱ་ལྷག་ལྷན་འཛོམས་གནང་འདུག

མཛད་སྒོའི་ཐོག་མ་ག་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཁྲོད་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་། སྐྱིད་སྡུག་མཉམ་མྱོང་ཆེད་སྐར་མ་གཅིག་རིང་མྱ་ངན་དང་། དེ་ནས་བསྔོ་བ་སྨོན་ལམ་གནང་མཚམས་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོ་དངོས་སུ་ཚུགས་གནང་ཡོད་ཅིང་། མཛད་སྒོའོ་ཐོག་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་བའི་ནང་། ཚོགས་པ་འདི་འགོ་འབྱེད་བྱེད་རྒྱུའི་དུས་ཚོད་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་རིང་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀི་ཚོགས་དེ་ཡང་མཚན་དང་དོན་མཐུན་པ་ཞིག་ཡོང་རྒྱུར་རེ་བ་ཞུ་རྒྱུ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། ནང་པའི་ཆོས་འདིར་འཛམ་གླིང་མི་མང་ནས་དོ་སྣང་བྱ་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ཞབས་ཕྱི་དང་གསོལ་འདེབས་ཇི་དགོས་ཞུ་བཞིན་ཡོད་པ་མ་གཏོགས་ཇོ་ནང་ལ་ཐོབ་སྐལ་བཅད་པ་དེ་འདྲ་བྱུང་མེད། ཁྱེད་ཚོ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཞེས་པའི་ཚོགས་པ་སྐྱིད་སྡུག་འདི་གཞན་ལས་ལྷག་པ་གནང་རྒྱུའི་འབད་བརྩོན་གནང་རོགས་ཞེས་གསུང་བཤད་གནང་ཡོད་པ་རེད༎

 

མཆན། (0)
Share
དྲ་གནས་ཆ་ཚང༌།