ཧོང་ཀོང་གི་རྩོད་གཞི་ཅན་གྱི་ཁྲིམས་འཆར་ཕྱིར་བསྡུ་བྱེད་རྒྱུ་བསྒྲགས་འདུག

2019-09-04
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་ཚོང་ཁང་ཞིག་གི་ནང། ༢༠༡༩།༩།༤
ཧོང་ཀོང་གི་ཚོང་ཁང་ཞིག་གི་ནང། ༢༠༡༩།༩།༤
AP

ཧོང་ཀོང་ནང་ཟླ་བ་ཁ་ཤས་རིང་བསྟུད་མར་མི་དམངས་ཀྱིས་ངོ་རྒོལ་བྱས་བའི་རྗེས་དྭོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
ཧོང་ཀོང་ནང་ཟླ་བ་ཁ་ཤས་རིང་བསྟུད་མར་མི་དམངས་ཀྱིས་ངོ་རྒོལ་བྱས་བའི་རྗེས་འདི་ཚེས་༤་ཉིན་ཧོང་ཀོང་གི་གྲོང་སྤྱི་ཁྱབ་པ་(Carrie Lam)་གིས། ཧོང་ཀོང་གཞུང་གིས།  ཁྲིམས་འགལ་དྭོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་དེ་ད་ཆ་ཆ་ཚང་ཕྱིར་བསྡུ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
ཧོང་ཀོང་ས་གནས་སྲིད་གཞུང་གིས་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་བཏོན་པ་དེ་ནི། ཧོང་ཀོང་ནང་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་གྱི་བྱུང་རྐྱེན་གཙོ་བོ་དེ་ཡིན་ནའང་། གྲོང་ཁྱེར་སྲིད་གཞུང་གིས་ཁྲིམས་འཆར་དེ་ཆ་ཚང་ཕྱིར་བསྡུ་བྱ་རྒྱུར་ད་བར་ངོས་ལེན་མ་བྱས་བ་དང་། ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཁག་ཅིག་འཛིན་བཟུང་དོ་དམ་དང་རྡུང་རྡེག་དྲག་གནོན་བཏང་བའི་གནད་དོན་གྱི་རྗེས། ངོ་རྒོལ་བྱེད་མཁན་ཚོས་ཧོང་ཀོང་ས་གནས་སྲིད་གཞུང་ལ་འཛིན་བཟུང་བྱས་པའི་ངོ་རྒོལ་གྱི་ལས་འགུལ་བ་ཡོངས་རྫོགས་ཉེས་འཛུགས་གང་ཡང་མེད་པར་གློད་གྲོལ་དང་། ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཟུར་བཙུགས་ཀྱིས་ཞིབ་འཇུག་དགོས་པ།  ཧོང་ཀོང་མང་ཚོགས་ལ་རང་གི་འགོ་ཁྲིད་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱ་རྒྱུའི་ཐོབ་ཐང་མཁོ་སྤྲོད་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་ལྔ་བཏོན་ནས་མུ་མཐུད་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་ཡོད་པ་རེད།
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་གཞོན་སྐྱེས་(Joshua Wong)་གིས་།  ཧོང་ཀོང་སྤྱི་ཁྱབ་པས་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་གཞི་ཆ་ཚང་ཕྱིར་བསྡུ་བྱ་རྒྱུ་དེ་གཅིག་པོས་འགྲིག་ཐབས་མེད་པ་དང་། དེ་ནི་ངོ་རྒོལ་གནང་མཁན་གྱི་དགོས་འདུན་ལ་དང་ལེན་བྱ་རྒྱུ་ཕྱིས་དྲགས་པ་དང་།   དགོས་འདུན་སྒྲུབ་པ་ཉུང་དྲགས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།
ཁོང་གིས་དེ་ནི་ཧོང་ཀོང་དང་རྒྱ་ནག་སྲིད་གཞུང་གཉིས་ཀྱིས་མང་ཚོགས་ལ་མགོ་སྐོར་བསླུ་བྲིད་གཏོང་ཐབས་ཤིག་ཡིན་པ་དང་། སྲིད་གཞུང་གིས་དོན་དངོས་མང་ཚོགས་ཀྱི་དགོས་འདུན་ལ་དང་ལེན་གང་ཡང་བྱས་མེད་པ་མ་ཟད། ངོ་རྒོལ་གྱི་ལས་འགུལ་ནང་བཞུགས་མཁན་ཚོར་རྡུང་རྡེག་གཏོང་འགོ་བཙུགས་ཡོད་པས་འཛམ་གླིང་ཡོངས་ནས་ཧོང་ཀོང་གི་གནད་དོན་ལ་མུ་མཐུད་དོ་འཁུར་གནང་དགོས་པ་གསུངས་ཡོད་པ་རེད།
ཉིན་ཤས་གོང་ཧོང་ཀོང་གི་སྤྱི་ཁྱབ་པས། གྲོང་ཁྱེར་གྱི་ཚོང་དོན་འགོ་ཁྲིད་ཁག་ཅིག་ལ་ཧོང་ཀོང་ནང་ངོ་རྒོལ་གྱི་དོན་རྐྱེན་གྱི་རྐྱེན་པས་དཀའ་ངལ་དེ་ཁོང་གི་ལས་དོན་བྱེད་ཕྱོགས་མ་འགྲིག་པའི་འགན་འཁུར་ལེན་གྱི་ཡོད་པ་དང་། གལ་ཏེ་ཁོང་རང་ཉིད་ལ་འདོད་མོས་ཡོད་ཚེ། ལས་གནས་ནས་དགོངས་པ་ཞུ་འདོད་ཡོད་ཀྱང་དེ་ལྟར་བྱ་མ་ཐུབ་པའི་དཀའ་ངལ་ཡོད་པའི་ཚོར་སྣང་གསལ་སྟོན་བྱས་པའི་སྒྲ་འཇུག་ཅིག་ཕྱིར་གྱར་བྱུང་ཡོད་པ་རེད།
སྒྲ་འཇུག་དེའི་ནང་ཁོང་སྒེར་ལ་མཚོན་ནའང་ཕྱིར་ཁྲོམ་གཞུང་དུ་ཐོན་ཏེ་འགྲོ་བསྐྱོད་མ་ཐུབ་པར་སྡོད་དགོས་པའི་དཀའ་ངལ་ངོ་སྤྲོད་བྱས་ཡོད་པ་རེད།
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་ཉེ་བའི་ཟླ་བ་ཁ་ཤས་རིང་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཁྲིམས་འཆར་གཏན་འབེབས་བྱ་རྒྱུར། ཧོང་ཀོང་མི་མང་གིས་ཤུགས་ཆེའི་ངོ་རྒོལ་བྱས་པའི་འོག་ད་ཆ་ཁྲིམས་འཆར་དེ་གཏན་འབེབས་བྱ་རྒྱུའི་གྲོས་གཞི་ཕྱིར་འཐེན་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་དེས་ཧོང་ཀོང་ནང་ཉེ་བའི་ཆར་མ་རྐང་ཁྲོམ་རའི་གནས་སྟངས་ཉམས་རྒུད་དུ་སོང་བ་དེ་སླར་གསོ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།