ཧོང་ཀོང་ནང་བཀག་སྡོམ་བྱས་པའི་གདོང་ཁེབ་ནག་པོ་གྱོན་ནས་སྐད་འབོད་བྱས་འདུག

2019-11-07
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་མཐར་ཕྱིན་མཛད་སྒོའི་ཐོག 2019/11/7
ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་མཐར་ཕྱིན་མཛད་སྒོའི་ཐོག 2019/11/7
AP

ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་མཐར་ཕྱིན་མཛད་སྒོའི་ཐོག་སློབ་མ་མང་པོས་ཧོང་ཀོང་གཞུང་གིས་བཀག་སྡོམ་བྱས་པའི་གདོང་ཁེབ་ནག་པོ་གྱོན་ནས་ཧོང་ཀོང་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་འདུག
ཧོང་ཀོང་ནང་ཡོད་པའི་དམངས་གཙོ་དོན་གཉེར་བ་ཚོས་འདས་པའི་ཟླ་བ་ལྔ་ཙམ་རིང་རྒྱུན་མ་ཆད་པར་དམངས་གཙོའི་དགོས་འདུན་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་བའི་ཁྲོད། ཧོང་ཀོང་གཞུང་གིས་དམ་དྲག་ཤུགས་ཆེ་བྱས་ཡོད་པ་དང་། ལྷག་པར་དུ་ཟླ་བ་སྔོན་མའི་ནང་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་ཚོས་གདོང་ཁེབ་ནག་པོ་གྱོན་མི་ཆོག་པའི་བཀག་སྡོམ་བྱས་ཡོད་མིན་ལ་མ་བལྟོས་བར། འདི་ཚེས་༧་ཉིན་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་མཐར་ཕྱིན་མཛད་སྒོ་དང་བསྟུན་སློབ་ཕྲུག་ཆིག་སྟོང་ཙམ་གྱིས། བཀག་སྡོམ་བྱས་བའི་གདོང་ཁེབ་ནག་པོ་གྱོན་པ་དང་། སློབ་གྲྭའི་སྒྲིག་ཆས་གྱོན་ནས་གོམས་བགྲོད་དང་། ས་གནས་གྲོང་ཁྱེར་འགོ་ཁྲིད་འོས་འདེམས་ཀྱི་ཐོབ་ཐང་ཚུད་པའི་ངོ་རྒོལ་ལས་འགུལ་བ་ཚོས་བཏོན་པའི་དགོས་འདུན་དོན་ཚན་ལྔ་པོ་གཅིག་ཀྱང་ཆད་མེད་ཀྱིས་ཁས་ལེན་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གཞུང་ལ་འབོད་སྐུལ་སྐད་འབོད་བྱས་ཡོད་པ་རེད།
སྐབས་དེར་རྒྱ་ནག་གི་རྒྱལ་གླུ་ལེན་བཞིན་ལག་ཏུ་གྲི་འཁྱེར་བའི་སྐྱེས་པ་ཞིག་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ད་བར་ཟླ་བ་ལྔ་ལྷག་ཙམ་ཞིག་བསྟུད་མར་ཡོང་བཞིན་པའི་ཧོང་ཀོང་ནང་གི་ངོ་རྒོལ་གྱི་ལས་འགུལ་དེ་ནི་ཉེ་སྔོན་ཧོང་ཀོང་གཞུང་གིས་ཕྱི་བསྡུ་བྱས་ཟིན་པའི་དོགས་ཡོད་ཉེས་ཅན་མི་སྣ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཀྱང་། ད་ལྟའི་ཆར་ངོ་རྒོལ་གྱི་ལས་འགུལ་དེ་ནི་མང་གཙོའི་རང་དབང་དང་ཐོབ་ཐང་གི་ལས་འགུལ་གྱི་ཕྱོགས་སུ་བསྐྱོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།