ཧོང་ཀོང་གི་སྤྱི་ཁྱབ་པ་ཁ་ཆེ་ལྷ་ཁང་ལ་སོང་ནས་དགོངས་སེལ་ཞུས་འདུག

2019-10-21
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བའི་ཐོག་ན་ཟུག་གཏོང་བྱེད་ཀྱི་ཆུ་མདའ་འཕེན་བཞིན་པ། ༢༠༡༩།༡༠།༢༠
ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བའི་ཐོག་ན་ཟུག་གཏོང་བྱེད་ཀྱི་ཆུ་མདའ་འཕེན་བཞིན་པ། ༢༠༡༩།༡༠།༢༠
AFP

ཧོང་ཀོང་གི་ཉེན་རྟོག་པས་(Kowloon)་ས་གནས་སུ་མི་དམངས་ཀྱི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་འགོག་ཐབས་སུ། ངོ་རྒོལ་བའི་ཁྲོད་ཆུ་མདའ་འཕངས་སྐབས་(Kowloon)་ས་གནས་སུ་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་དང་། དེ་བཞིན་ཟུར་གནས་མང་ཚོགས་ལ་ཆུ་མདའ་ཕོག་པའི་དོན་རྐྱེན་བྱུང་ཡོད་པ་དེར། ཚེས་༢༡་རེས་གཟའ་ཟླ་བའི་ཉིན། ཧོང་ཀོང་ས་གནས་སྤྱི་ཁྱབ་(Carrie Lam)་གྱིས་ཁ་ཆེའི་འགོ་ཁྲིད་རྣམས་ལ་དགོངས་སེལ་ཞུས་འདུག དེ་ཡང་(AP) ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བྷ་ལྟར་ན། སྤྱི་ཟླ་༡༠་བའི་ཚེས་༢༠་རེས་གཟའ་ཉི་མའི་ཉིན། ཧོང་ཀོང་གི་(Kowloon)་ས་གནས་སུ་དམངས་གཙོ་དོན་གཉེར་ཅན་མང་ཚོགས་བརྒྱ་ཕྲག་མང་པོས་སླར་ཡང་ས་གནས་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་དང་། ངོ་རྒོལ་གྱི་འདུ་འཛོམས་འགོག་ཐབས་སླད་ཧོང་ཀོང་ཉེན་རྟོག་པས། ས་གནས་དེར་ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་གི་མདུན་དུ་འདུ་འཛོམས་བྱས་པའི་ངོ་རྒོལ་བའི་ཁྲོད། སྐྱེལ་འདྲེན་རླངས་འཁོར་ཞིག་ནས་ཆུ་ལ་རྫས་བསྲེས་པའི་མཚོན་མདོག་སྔོན་པོ་ཅན་གྱི་ན་ཟུག་གཏོང་བྱེད་ཀྱི་ཆུ་མདའ་འཕངས་ཡོད་པ་རེད། དམངས་གཙོ་དོན་གཉེར་ཅན་གྱི་ཧོང་ཀོང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་(Jeremy Tam)་གྱིས་པར་བླངས་བའི་བརྙན་ཐུང་ནང་། ཉེན་རྟོག་པས་རླངས་འཁོར་ནས་ན་ཟུག་གཏོང་བྱེད་ཀྱི་ཆུ་མདའ་རྒྱབ་པའི་རྐྱེན་གྱིས། ཁ་ཆེའི་ལྷ་ཁང་གི་རྒྱལ་སྒོ་དང་། ཐེམ་པ། དེ་བཞིན་ལྷ་ཁང་གི་གཡས་གཡོན་དུ་ཚོན་མདོག་སྔོན་པོས་ཁེངས་པ་མཐོང་རྒྱུ་ཡོད་པ་རེད། ཚེས་༢༡་རེས་གཟའ་ཟླ་བའི་ཉིན། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་(Carrie Lam)་དང་། ཉེན་རྟོག་སྤྱི་ཁྱབ་པ་གཉིས་(Kowloon)་ས་གནས་ཀྱི་ཁ་ཆེའི་ལྷ་ཁང་དུ་བསྐྱོད་པ་དང་། ལྷ་ཁང་གི་དབུ་བླ་དང་། ཁ་ཆེའི་སྤྱི་ཚོགས་ཀྱི་མགོ་ཁྲིད་ཚོ་དང་ཐུག་འཕྲད་ཀྱིས་དགོངས་སེལ་ཞུས་འདུག སྤྱིར་(Carrie Lam)་དང་ཉེན་རྟོག་སྤྱི་ཁྱབ་གཉིས་ནས་གསར་འགོད་པ་ཚོར་བཀའ་མོལ་གནང་མེད་ཀྱང་ཧོང་ཀོང་ནང་གི་ཁ་ཆེའི་སྤྱི་ཚོགས་དགེ་རྩ་ཚོགས་པ་ཞེས་པའི་དྲུང་ཆེ་(Saeed Uddin)་ཞུ་བས། ལྕམ་(Carrie Lam)་གྱིས་ལྷ་ཁང་ལ་ཆུ་མདའ་ཕོག་པའི་དོན་རྐྱེན་ལ་དགོངས་སེལ་ཞུས་ཡོད་པ་དང་། མ་ཟད་ལྷ་ཁང་ལ་གནོད་སྐྱོན་ཆེན་པོ་གང་ཡང་བྱུང་མེད་སྟབས་ཁ་ཆེའི་སྤྱི་ཚོགས་ངོས་ནས་དགོངས་སེལ་དང་ལེན་ཞུས་ཡོད་པ་བརྗོད་འདུག ཧོང་ཀོང་(Kowloon)་ས་གནས་ཉེན་རྟོག་སྤྱི་ཁྱབ་པས། གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་བྱས་པ་བརྒྱུད་དོན་རྐྱེན་ལ་དགོངས་སེལ་ཞུས་འདུག གནས་ཚུལ་ནང་གསལ་ལྟར་ན། རེས་གཟའ་ཉི་མའི་ཉིན་ཧོང་ཀོང་ཉེན་རྟོག་པས། ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་འགོག་ཐབས་སུ། མ་ཟུག་གཏོང་བྱེད་ཀྱི་ཆུ་མདའ་འཕངས་བ་མ་ཟད། མིག་ཆུ་ཤོར་བྱེད་ཀྱི་དུག་རླངས་དང་། གཡེར་མའི་དུག་རླངས་སོགས་འཕངས་འདུག་ལ་ཁྱོན་ངོ་རྒོལ་བ་༦༨་འཛིན་བཟུང་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།