རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཧོང་ཀོང་ནང་འཛིན་བཟུང་དང་ཉེས་འཛུགས།

2020-11-24
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཧོང་ཀོང་ནང་འཛིན་བཟུང་དང་ཉེས་འཛུགས་བྱས་བ་ཁག ༡༡།༢༠༢༠
རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཧོང་ཀོང་ནང་འཛིན་བཟུང་དང་ཉེས་འཛུགས་བྱས་བ་ཁག ༡༡།༢༠༢༠
Reuters

ཧོང་ཀོང་ནང་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་འོག་དམངས་གཙོའི་ལས་འགུལ་བ་འཛིན་བཟུང་དང་ཉེས་འཛུགས་བྱེད་བཞིན་འདུག
དེང་སྐབས་ཧོང་ཀོང་ནང་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་འོག་དམངས་གཙོའི་ལས་འགུལ་བ་འཛིན་བཟུང་དང་ཉེས་འཛུགས་བྱེད་བཞིན་པ་དང་། ཧྥ་རན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ཚེས་༢༤རེས་གཟའ་མིག་དམར་ཉིན་ཧོང་ཀོང་ཉེན་རྟོག་པས་དོ་དམ་འཛིན་བཟུང་བྱས་པའི་ལོ་ན་༣༠ཅན་གྱི་ཧོང་ཀོང་གི་ཡུལ་མི་(Ma Chun-man)ལ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞིའི་འོག་ཁ་བྲལ་གྱི་ངན་སྐུལ་བྱས་པའི་ཉེས་འཛུགས་བྱས་ནས་ཁྲིམས་ཁང་གིས་ཁོ་བོ་མུ་མཐུད་དུ་དོ་དམ་བཀག་ཉར་བྱེད་རྒྱུའི་ཐག་གཅོད་བྱས་འདུག་པ་དང་། ཉེན་རྟོག་པས་ཁོ་བོ་རླངས་འཁོར་ནས་ཁྲིད་སྐབས་ཁོང་གིས་དམངས་གཙོའི་འཐབ་རྩོད་མུ་མཐུད་དུ་བྱེད་དགོས་ཞེས་སྐད་འབོད་བྱས་འདུག
རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཧོང་ཀོང་ནང་འཛིན་བཟུང་དང་ཉེས་འཛུགས་བྱས་བ་ཁག ༡༡།༢༠༢༠
ཁྲིམས་ཁང་གིས་ཉན་ཞིབ་སྐབས། ཧོང་ཀོང་ཉེན་རྟོག་པས་ཕྱི་ཟླ་༨པའི་ཚེས་༡༥ནས་ཕྱི་ཟླ་༡༡པའི་ཚེས་༢༢ནང་ཚུད་དུ་(Ma Chun-man)ཡིས་ཧོང་ཀོང་དེ་བཞིན་རྒྱ་ནག་ནས་ལོགས་སུ་རང་བཙན་རྒྱལ་ཁབ་ཆེད་ངོ་རྒོལ་བྱས་པར་བརྟེན་ཐེངས་བདུན་ཙམ་དོ་དམ་འཛིན་བཟུང་བྱས་ཡོད་པ་བཤད་འདུག སྐབས་དེར་ཁོང་གི་ཁྲིམས་རྩོད་པས་ཁོ་བོ་གཏའ་དངུལ་འོག་གློད་གྲོལ་ཡོང་ཐབས་བྱས་ཀྱང་ཁྲིམས་ཁང་ནས་ངེས་ལེན་བྱས་མེད་པ་རེད་འདུག
དེ་བཞིན་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་(Joshua Wong)དང་། (Agnes Chow) དེ་བཞིན་(Ivan Lam)བཅས་ཀྱིས་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་ཁྲིམས་ཁང་དུ། མི་གཞན་ལ་སྐུལ་སློང་བྱས་པ་དང་། ཆོག་མཆན་མེད་པར་མི་མང་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་འཛུགས་བྱས་བ་ངོས་ལེན་བྱས་བའི་རྗེས། ཁྲིམས་དཔོན་གྱིས་ཕྱི་ཟླ་༡༢པའི་ནང་ཉེས་ཁྲིམས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང་། དེ་བར་བཀག་ཉར་བྱེད་རྒྱུ་ཡིན་འདུག
གནས་སྟངས་འདིའི་འོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཞེས་པ་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་སྨྲ་བརྗོད་རང་དབང་བཅས་ལ་ཚད་བཀག་དང་དམ་དྲག་བྱེད་བཞིན་པའི་གནས་སྟངས་གསལ་བོ་མཚོན་པ་གནད་དོན་དབྱེ་ཞིབ་པས་གསུང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།