ཧོང་ཀོང་གི་གནད་དོན་དང་འབྲེལ་ནས་རྒྱ་ནག་ལ་རྒྱལ་སྤྱིའི་གནོན་ཤུགས་འཕར་མ་ཡོང་བཞིན་འདུག

2020-05-29
གློག་འཕྲིན།
མཆན།
Share
པར་བཀོད།
རང་དབང་ལས་འགུལ་བ་ཞིག་གིས་དབྱིན་ཇིའི་ཕྱི་བསྐྱོད་ལག་འཁྱེར་བཟུང་ནས་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས། ༢༠༢༠།༥།༢༩
རང་དབང་ལས་འགུལ་བ་ཞིག་གིས་དབྱིན་ཇིའི་ཕྱི་བསྐྱོད་ལག་འཁྱེར་བཟུང་ནས་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས། ༢༠༢༠།༥།༢༩
AP

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐོག་ནས་ཧོང་ཀོང་ལ་དམིགས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱས་པར་རྒྱ་ནག་གི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནོན་ཤུགས་ཇེ་ཆེར་ཡོང་བཞིན་པ་རེད་འདུག
རྒྱ་ནག་གཞུང་གིས་ད་རེས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གསར་བ་གཏན་འབེབས་ཐག་གཅོད་བྱས་པ་དེར་སྐྱོན་བརྗོད་བྱེད་མཁན་ཚོས། དེ་ནི་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་གཏོར་བཤིག་བཏང་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་དང་། ཨ་རིའི་གཞུང་གིས་ཧོང་ཀོང་ཐོག་བཟུང་བའི་ཚོང་དང་དཔལ་འབྱོར་ཐད་ཀྱི་དམིགས་བསལ་ཐོབ་ཐང་ཁག་ཕྱིར་བསྡུར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ལ། ཨ་རི་དང་དབྱིན་ཡུལ། ཨའོསི་ཊེ་ལི་ཡ་སོགས་ནས་ཧོང་ཀོང་གི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་གླེང་སློང་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་དེར་མོས་མཐུན་བྱེད་ཀྱི་མེད་ཅིང་། རྒྱ་ནག་ནི་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མིའི་གྲས་ཤིག་ཡིན་པ་དང་གྲོས་གཞི་འཕྲུ་སློག་གཏོང་བའི་དབང་ཚད་ཀྱང་ཡོད་པ་རེད།
ཕྱི་ཟླ་ ༥ ་ཚེས་ ༢༨ ་གཟའ་ཕུར་བུའི་ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐོག་ནས་ཧོང་ཀོང་ལ་དམིགས་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞིའི་ཟིན་བྲིས་གཏན་འབེབས་བྱས་ཤིང་། དེ་ནི་རྒྱ་ནག་གཞུང་གིས་གཙོ་བོ་རྒྱལ་ཁབ་ཁ་བྲལ་དང་སྲིད་དབང་འགོ་རྟིག་སློག་པ། ཕྱི་ཕྱོགས་ཀྱི་ཐེ་བྱུས་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་གནད་དོན་སོགས་ལ་དམིགས་ཡོད་པ་རེད། འོན་ཀྱང་ཁྲིམས་ལུགས་མཁས་པ་ཚོས་ཧོང་ཀོང་ཐོག་རྒྱ་ནག་ལ་ཁྲིམས་ལུགས་འདི་ལྟ་བུ་གཏན་བེབས་བྱེད་པའི་དབང་ཚད་ཡོད་མིན་ཐེ་ཚོམ་བྱེད་བཞིན་ཡོད་ཅིང་། ཧོང་ཀོང་དམིགས་བསལ་ཁུལ་གྱི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁྲིམས་ཡིག་ནང་ཧོང་ཀོང་ས་ཁུལ་གྱི་གཞུང་འཛིན་དབང་ཚད་ཀྱི་འགན་དབང་ཧོང་ཀོང་ས་གནས་སྲིད་གཞུང་ལ་ཡོད་པ་གསལ་ཡོད་པ་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་འདི་ནི་ཁྲིམས་ལུགས་དང་ཡོངས་སུ་མཐུན་པ་བརྗོད་ཀྱི་ཡོད་ཀྱང་། ཁྲིམས་ལུགས་མཐུན་པ་ཞེས་པའི་ཁྲིམས་ལུགས་འདི་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྗོད་ཀྱི་ཡོད་དམ། ཡང་ན་ཧོང་ཀོང་ས་གནས་སྲིད་གཞུང་གི་ཁྲིམས་ལུགས་དང་མཐུན་གྱི་ཡོད་མེད་གསལ་ཁ་བཟོས་མེད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་མིང་ཙམ་གྱི་རྒྱ་ནག་གི་གྲོས་ཚོགས་ནས་གཏན་བེབས་བྱས་པའི་ཁྲིམས་འཆར་དེར་ནུས་པ་ཆེ་བའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱིས་གཏན་བེབས་བྱས་རྗེས། ཁྲིམས་འཆར་དེ་ལག་བསྟར་ཁྲིམས་ལུགས་ཀྱི་ངོ་བོར་འགྱུར་རྒྱུ་དང་། ཁྲིམས་ཡིག་དེ་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་ཀྱི་ཟུར་སྣོན་ཨང་གསུམ་པར་འདོགས་རྒྱུ་ཡིན་པ་རེད།
ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གི་བྱ་སྤྱོད་འདི་ནི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཁྲིམས་ལུགས་དང་འགལ་བ་མ་ཟད། རྒྱ་ནག་དང་ཧོང་ཀོང་བར་བཞག་པའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་དང་ཡང་འགལ་འཛོལ་ཡིན་པ་བརྗོད་བཞིན་ཡོད་པ་རེད། ཕྱི་ལོ་ ༡༩༩༧  ལོར་དབྱིན་ཇིའི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་འབྱུང་རྒྱུར་ལོ་ལྔ་བཅུའི་རིང་རྒྱ་ནག་གི་དབང་འོག་ཧོང་ཀོང་ལ་དམིགས་བསལ་ཚད་བཀག་ཅན་གྱི་རང་དབང་སྤྲོད་རྒྱུར་མོས་མཐུན་བྱུང་ཡོད་པ་རེད། དེ་ཙམ་མ་ཟད་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་རྩ་ཁྲིམས་དོན་ཚན་ ༡༨་པའི་ནང་། ཅི་སྟེ་རྒྱ་ནག་གཞུང་གིས་ཧོང་ཀོང་རྩ་ཁྲིམས་ཀྱི་ཟུར་སྣོན་ཨང་གསུམ་པ་བརྒྱུད་ཁྲིམས་ལུགས་བྱེད་འདོད་ཚེ་དེ་དག་ནི་བདེ་སྲུང་དང་ཕྱི་འབྲེལ་སོགས་ཧོང་ཀོང་རང་སྐྱོང་གི་གནས་ཚད་ལས་བརྒལ་བའི་གནད་དོན་ཁག་ལ་འཇུག་དགོས་པ་འཁོད་ཡོད་པ་རེད།
འདི་ཚེས་༢༨་གཟའ་ཕུར་བུའི་ཉིན། པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མཇུག་སྒྲིལ་རྗེས་ཀྱི་གསར་འགོད་ལྷན་ཚོགས་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཝང་ཡིས་ཧོང་ཀོང་ལ་དམིགས་པའི་བདེ་འཇགས་ཀྱི་ཁྲིམས་ལུགས་འདི་ནི་རྒྱལ་ཁབ་བདེ་འཇགས་ལ་དོ་ཕོག་ཚབས་ཆེ་གཏོང་བའི་བྱ་སྤྱོད་རིགས་ལ་དམིགས་པ་ཞིག་ཡིན་པ་ལས་དེས་ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་གི་གནས་བབས་ལ་དོ་ཕོག་འབྱུང་རྒྱུ་མིན་པ། ཧོང་ཀོང་མི་སེར་གྱི་ཐོབ་ཐང་ལ་རང་དབང་ལ་ཤུགས་རྐྱེན་འབྱུང་རྒྱུ་མིན་པ། དེ་བཞིན་ཧོང་ཀོང་གི་ཁྲིམས་ལུགས་ཀྱི་ཐོབ་ཐང་དང་ཕྱི་རྒྱལ་གྱི་ཚོང་ལས་དང་མ་རྩ་འཛུགས་མཁན་ཚོའི་གནས་བབས་ལ་ཡང་དོ་ཕོག་འབྱུང་རྒྱུ་མིན་ལུགས་བརྗོད་ཡོད།
འོན་ཀྱང་ཨ་རི་དང་དབྱིན་ཡུལ་གཙོས་པའི་མང་གཙོའི་རྒྱལ་ཁབ་དང་། དེ་བཞིན་ཧོང་གི་མང་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གི་བརྗོད་པར་ཡིད་ཆེས་བྱེད་ཀྱི་མེད་ལ། ཁྲིམས་ལུགས་འདི་ལག་བསྟར་འགོ་འཛུགས་བྱས་རྗེས་ཧོང་ཀོང་གི་རང་དབང་གནས་བབས་ཐོག་བསམ་ཡུལ་ལས་འདས་པའི་ཤུགས་རྐྱེན་ཆེན་པོ་ཡོང་ངེས་པ་བརྗོད་བཞིན་ཡོད་པ་རེད།
ཕྱི་ཚེས་ ༢༨ ་ཉིན་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གིས་ཧོང་ཀོང་དང་འབྲེལ་ཁྲིམས་འཆར་གཏན་བེབས་བྱས་པ་དེར་དགའ་པོ་མ་བྱུང་ཞེས་གསུངས་ཡོད་ལ། ཨ་རི་དང་རྒྱ་ནག་བར་ཏོག་དབྱིབས་ནད་ཡམས་དང་། ཚོང་དང་དཔལ་འབྱོར། དམག་དོན་སོགས་ཕྱོགས་གང་ཅིའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཧོང་ཀོང་གི་དམིགས་བསལ་གནས་བབས་སྲུང་སྐྱོབ་དགོས་རྒྱུར་ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་གཉིས་ཀའི་ཐོག་ནས་གདོང་ལེན་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམིགས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་བྱས་པའི་རྗེས་རྒྱ་ནག་གི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནོན་ཤུགས་ཇེ་ཆེར་ཡོང་བཞིན་པ་རེད་འདུག
རྒྱ་ནག་གཞུང་གིས་ད་རེས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གསར་བ་གཏན་འབེབས་ཐག་གཅོད་བྱས་པ་དེར་སྐྱོན་བརྗོད་བྱེད་མཁན་ཚོས། དེ་ནི་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་གཏོར་བཤིག་བཏང་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་དང་། ཨ་རི་དང་དབྱིན་ཇི་སོགས་ཡུལ་གྲུ་ཁག་གིས་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་བཏོན་རྒྱུ་ཡིན་པ་གསུངས་ཀྱི་ཡོད་པ་རེད།
ཧོང་ཀོང་ནང་འདས་པའི་ཟླ་བ་བདུན་ལྷག་རིང་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར། ཧོང་ཀོང་མི་དམངས་ཚོས་ཤུགས་ཆེའི་ངོ་རྒོལ་བྱས་ནས་ཁྲིམས་གཞི་དེ་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་ཕྱིར་འཐེན་བྱ་དགོས་བྱུང་བ་དང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཕྱི་ཚེས་༢༨་ཉིན་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གསར་བ་གཏན་འབེབས་ཞེས་པ་ཧོང་ཀོང་གི་གྲོས་ཚོགས་བརྒྱུད་མི་དགོས་པར་ཐད་ཀར་ཐག་གཅོད་བྱས་ཡོད་པ་རེད།
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱ་རྒྱུ་དེས་ཧོང་ཀོང་རང་སྐྱོང་ཐོབ་ཐང་རྩ་མེད་བཏང་བ་ཞིག་ཡིན་པ་བརྗོད་ནས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་། དེ་དང་འབྲེལ་འདི་ཚེས་༢༨་གཟའ་ཕུར་བུའི་ཉིན། ཨ་རི་དང་དབྱིན་ཇི། ཁེ་ཎ་ཊ། ཨོ་སི་ཁྲི་ལི་ཡ་བཅས་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་གཏན་འབེབས་ཐག་གཅོད་བྱས་པ་དེས། ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་གཏོར་བཤིག་བཏང་བ་ཞིག་ཡིན་པར་སྐྱོན་བརྗོད་གནང་ཡོད་པ་མ་ཟད། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་(Dominic Raab)་ལགས་ཀྱིས། གལ་སྲིད་རྒྱ་ནག་གིས་མུ་མཐུད་ནས་ཁྲིམས་ལུགས་དེ་ལག་བསྟར་བྱས་ཚེ། དབྱིན་ཇི་གཞུང་གིས་དབྱིན་ཇིའི་མི་སེར་གྱི་ཐོབ་ཐང་ཡོད་པའི་ཧོང་ཀོང་གི་མི་སེར་ཁྲི་སུམ་ཅུ་ཡོད་པའི་ཇེ་མང་དུ་གཏོང་རྒྱུ་མ་ཟད། དེ་དག་དབྱིན་ཇིའི་ནང་གནས་སྡོད་ཀྱི་དུས་ཡུན་ཟླ་བ་དྲུག་ནས་ལོ་གཅིག་བར་རིང་དུ་བཏང་ནས་དབྱིན་ཇིའི་ནང་ལས་དོན་དང་སློབ་སྦྱོང་གི་གོ་སྐབས་གནང་རྒྱུ་ཡིན་པ་གསུངས་འདུག
དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཀྱིས། ཕྱི་ཚེས་༢༧་ཉིན་ཨ་རིའི་གྲོས་ཚོགས་སུ། ཧོང་ཀོང་ནང་ཨ་རིས་འཛིན་བཞིན་པའི་དམིགས་བསལ་གྱི་གནས་བབས་དེ་མེད་པ་བཟོ་དགོས་པའི་སྐོར་གསུངས་ཡོད་པ་རེད། དེ་ནི་ཨ་རིའི་གྲོས་ཚོགས་ཀྱིས་༡༩༩༢་ལོར་ཧོང་ཀོང་གི་ཁྲིམས་ལུགས་ཅེས་པ་གཏན་འབེབས་བྱས་ནས། ཧོང་ཀོང་གི་མི་སེར་ཚོ་ཨ་རིའི་ནང་ཡོང་རྒྱུར་མཐོང་མཆན་ཞུ་མི་དགོས་པ་མ་ཟད། ཧོང་ཀོང་ནས་ཨ་རིའི་ནང་དངོས་ཟོག་ཕྱིར་འདྲེན་བྱ་རྒྱུར་སྒོ་ཁྲལ་ཉུང་ངུ་ཞིག་ལས་རྒྱག་དགོས་ཀྱི་མེད་པའི་དམིགས་བསལ་གྱི་ཐོབ་ཐང་སྤྲད་ཡོད་པ་རེད། ཨ་རིའི་སྲིད་འཛིན་སྐུ་ཞནབས་(Trump)་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཐོག་འཛིན་པའི་སྲིད་བྱུས་ཐད་ཨ་མི་རི་ཀས་གདོང་ལེན་དང་ལན་འདེབས་ནན་མོ་གནང་རྒྱུ་ཡིན་པ་གསུང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།