ཧོང་ཀོང་གི་བློན་ཆེན་རིམ་པའི་དཔོན་རིགས་ལྔའི་གོ་གནས་བརྗེ་བསྒྱུར།

2020-04-22
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་བློན་ཆེན་རིམ་པའི་དཔོན་རིགས་ལྔའི་གོ་གནས་བརྗེ་བསྒྱུར་སྐབས། ༢༠༢༠།༤།༢༢
ཧོང་ཀོང་གི་བློན་ཆེན་རིམ་པའི་དཔོན་རིགས་ལྔའི་གོ་གནས་བརྗེ་བསྒྱུར་སྐབས། ༢༠༢༠།༤།༢༢
AFP

ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་བློན་ཆེན་རིམ་པའི་དཔོན་རིགས་ལྔ་ལས་གནས་རྗེས་འགྱུར་བྱས་ཡོད་འདུག
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་(Carrie Lam)་གྱིས་འདི་ཚེས་༢༢་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་བློན་ཆེན་རིམ་པའི་དཔོན་རིགས་ལྔ་བརྗེ་བསྒྱུར་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེས་ཧོང་ཀོང་ནང་གི་ས་གནས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཉིན་གཅིག་གི་གོང་གནས་ཚུལ་དེ་འདྲ་སྤེལ་བ་དེ་བདེན་པ་ཡིན་པ་ར་སྤྲོད་བྱུང་ཡོད་ཅིང་། ཧོང་ཀོང་གི་བློན་ཆེན་རིམ་པའི་དཔོན་རིགས་བརྗེ་བསྒྱུར་བྱས་བ་དེ་དག་ནང་རྒྱ་ནག་ལས་དོན་ལྷན་ཁང་གི་འགན་འཛིན་དེ་བཞིན་ཧོང་ཀོང་ཕྱི་མི་ཞིབ་གཤེར་ལས་ཁང་གི་འགན་འཛིན་ཙང་དབྱིན་ཇོན་བསྐོ་གཞག་བྱས་ཡོད་པ་དང་། (Joshua Law)་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་ལས་གནས་སུ་བསྐོ་གཞག་བྱས་ཡོད་ཅིང་།  དངུལ་རྩའི་ཞབས་ཞུ་དང་ནོར་སྲིད་བློན་ཆེན་གྱི་ལས་གནས་དེ་བཞིན་ཞུའུ་ཀྲེ་ཨན་བསྐོ་གཞག་དང་། ཞུའུ་ཀྲེ་ཨན་ན་ནིང་ཕྱི་ཟླ་དྲུག་པ་ནས་དངུལ་རྩའི་ཞབས་ཞུ་འཕེལ་རྒྱས་ལྷན་ཁང་གི་འགན་འཛིན་གྱི་ལས་གནས་འཁུར་མུས་ཡིན་པ་རེད། དམངས་ཁྲིད་ལས་ཁང་གི་འགན་འཛིན་ལས་གནས་དེ་བཞིན་ད་ལྟའི་ངལ་རྩོལ་དང་ཕན་བདེའི་ལས་ཁང་གི་འགན་འཛིན་གཞོན་པ་ཞུའུ་ཅའ་ཕའ་བསྐོ་གཞག་བྱས་ཡོད་པ་སོགས་ཧོང་ཀོང་གཞུང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་བཀོད་འདུག  
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་གལ་གནད་ཆེ་བའི་བློན་ཆེན་རིམ་པའི་དཔོན་རིགས་བརྗེ་བསྒྱུར་བྱས་བའི་དུས་སྐབས་དེ་ཡང་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་ལས་ཁང་གིས། ཉེ་ཆར་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོའི་བྱ་སྤྱོད་ལ་ཡོངས་གྲགས་སྐྱོན་བརྗོད་བྱས་པའི་ཐོག་མི་མང་པོས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་ནང་དོན་ནང་། ཧོང་ཀོང་གི་ནང་སྲིད་ལ་ཐེ་བྱུས་བྱ་མི་ཆོག་པའི་ནང་དོན་དང་རྒྱབ་འགལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་དང་འཁེལ་ཡོད་པ་རེད། ཧོང་ཀོང་གཞུང་གིས་ཧོང་ཀོང་གི་བདེ་འཇགས་དཔོན་རིགས་ཧོང་ཀོང་གི་འཛིན་སྐྱོང་དང་རྒྱ་ནག་ལས་དོན་ལྷན་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས་པའི་ཐོག་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་དཔོན་རིགས་ཀྱི་སྲོག་ཤིང་དེ་བཞིན་ཉེན་རྟོག་དཔོན་རིགས་གཙོ་བོར་བྱེད་ཀྱི་ཡོད་པར་དམངས་གཙོ་ཚོགས་པས་སེམས་ཚབ་བྱེད་བཞིན་ཡོད་པ་རེད།   


མཆན། (0)
Share
དྲ་གནས་ཆ་ཚང༌།