ཨ་རིའི་གློག་བརྙན་བཟོ་བསྐྲུན་ཁང་གིས་རྒྱ་ནག་དང་བསྟུན་མཁས་བྱས་པར་སྐྱོན་བརྗོད།

2020-08-06
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་ལོ་བདུན་གློག་བརྙན་འཁྲབ་མཁན་སྐུ་ཞབས་(Brad Pitt) ༡༩༩༧
བོད་ནང་ལོ་བདུན་གློག་བརྙན་འཁྲབ་མཁན་སྐུ་ཞབས་(Brad Pitt) ༡༩༩༧
AP

ཨ་རིའི་ཧོ་ལེ་ཝོ་ཌི་གློག་བརྙན་བཟོ་བསྐྲུན་ཁེ་གཉེར་ཁང་གིས་བོད་དང་འབྲེལ་བའི་གློག་བརྙན་ཐད་རྒྱ་ནག་དང་བསྟུན་མཁས་བྱས་པར་ཨ་རིའི་རྩོམ་པ་པོ་ཚོགས་པས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་མི་རི་ཀའི་(PEN America)་ཞེས་པའི་ཨ་རིའི་རྩོམ་པ་པོའི་ཚོགས་པས་ཤོག་གྲངས་༩༤་ཡོད་པའི་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས། ཨ་རིའི་ཧོ་ལེ་ཝོ་ཌི་(Hollywood)་གློག་བརྙན་བཟོ་བསྐྲུན་ཁེ་གཉེར་ཁང་གིས་གློག་བརྙན་བཟོ་བསྐྲུན་སྐབས་དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་གཞུང་དང་མཉམ་འབྲེལ་བསྟུན་མཁས་བྱས་པར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག སྒྱུ་སྩལ་རང་དབང་ལ་སྲུང་སྐྱོབ་བྱེད་ཕྱིར་གློག་བརྙན་གྱི་ནང་དོན་རྒྱ་ནག་གཞུང་གིས་བཀག་སྡོམ་དང་བྱས་བ་དང་འབྲེལ་བའི་གནད་དོན་ཕྱི་གསལ་ནང་གསལ་བཟོ་དགོས་བའི་འབོད་སྐུལ་ཞུས་འདུག
གནས་ཚུལ་ལྟར་ན། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་(Hollywood)་གློག་བརྙན་བཟོ་བསྐྲུན་ཁེ་གཉེར་ཁང་དག་གིས་སྔར་ཡིན་ན། བོད་ཀྱི་བདེན་དོན་གསལ་བའི་གློག་བརྙན་བཟོ་བསྐྲུན་བྱས་པའི་ལོ་རྒྱུས་ཡོད་ཀྱང་ད་ཆ་རྒྱ་ནག་གཞུང་གི་བློ་ཁ་དང་བསྟུན་ཅི་ཐབས་ཀྱིས་བོད་དང་འབྲེལ་བའི་གློག་བརྙན་ཁག་ལ་ཞིབ་བཤེར་བྱེད་ཀྱི་ཡོད་ལུགས་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྙན་ཐོ་འདོན་སྤེལ་ཡོད་པ་དེའི་ནང་རྒྱ་གཞུང་གིས་གློག་བརྙན་བཟོ་བསྐྲུན་གྱི་རིགས་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་འདུག
ད་དུང་སྙན་ཐོ་དེའི་ནང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་དོན་དངོས་ཐོག་ཧོ་ལེ་ཝོ་ཌིའི་གློག་བརྙན་ཞིག་ལ་ཁེ་བཟང་རག་མིན་གྱི་འགག་རྩ་ཆགས་ཡོད་པ་དེ་གློག་བརྙན་བཟོ་བསྐྲུན་པའི་འགོ་བ་ཚོས་མཁྱེན་ཀྱི་ཡོད་ལུགས་དང་། དེའང་ཧོ་ལེ་ཝོ་ཌི་ནས་བཟོས་པའི་གློག་བརྙན་ཁག་ལ་པེ་ཅིན་གཞུང་གིས་ཞིབ་བཤེར་བྱེད་ཀྱི་ཡོད་ཅེས་ཉེན་བརྡ་བཏང་འདུག
ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དམིགས་སྒོ་ནི། རང་དབང་གི་བསམ་བློ་དར་ཁྱབ་གཏོང་རྒྱུ་དེ་ཡིན་ཅིང་། མཐུན་ཚོགས་དེས་རྩོམ་པ་པོ་བདུན་སྟོང་ཙམ་གྱི་ཚབ་མཚོན་གྱི་ཡོད།
ཕྱི་ལོ་༡༩༩༧་ལོར་ཨ་རིའི་ཧོ་ལེ་ཝོ་ཌི་ཡིས་བོད་ནང་ལོ་བདུན་དང་། སྐུ་མདུན་ཞེས་པའི་གློག་བརྙན་བཟོ་བསྐྲུན་བྱས་ནས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐོར་གྱི་གློག་བརྙན་ཁག་གཉིས་བཀྲམས་པར་བརྟེན། རྒྱ་ནག་གཞུང་གི་ཕྱོགས་ནས་དགྲ་ཤ་ལེན་པར་དམིགས་ནས་གློག་བརྙན་བཟོ་བསྐྲུན་པའི་ཁེ་གཉེར་ཁང་དེ་དག་དང་ལོ་༥་རིང་ཚོང་གི་འབྲེལ་བ་བཅད་པ་སོགས་ཀྱི་གནས་སྟངས་འོག་ད་ཆ་ཨ་རིའི་གློག་བརྙན་ཁེ་གཉེར་ཁང་དག་གིས་རྒྱ་ནག་གཞུང་དང་བསྟུན་མཁས་བྱེད་བཞིན་པ་གསལ་སྟོན་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།