དུས་རབས་འདི་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་དགོས། ༸གོང་ས་མཆོག

2020-06-20
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དྲ་ལམ་བརྒྱུད་སེམས་དང་སྲོག་གི་ཚན་རིག་པ་དང་ནང་པའི་དབར་བགྲོ་གླེང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དྲ་ལམ་བརྒྱུད་སེམས་དང་སྲོག་གི་ཚན་རིག་པ་དང་ནང་པའི་དབར་བགྲོ་གླེང་།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་སེམས་དང་སྲོག་གི་ཚན་རིག་པ་དང་ནང་པའི་དབར་བགྲོ་གླེང་ཞིག་དྲ་ལམ་བརྒྱུད་དེ་རིང་ཕྱི་ཚེས་༢༠ཉིན་གནང་ཡོད་པ་དང་།  དེའི་ཐད་བཞུགས་སྒར་ཕོ་བྲང་ནས་༸གོང་ས་མཆོག་གིས་བྱང་ཨ་མི་རི་ཀ་ནས་དྲ་ཞུགས་གནང་མཁན་ཨ་མི་རི་ཀའི་ཀླད་རྩ་དང་སེམས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཅརཌ་་ཌེ་ཝིཌ་སན་(Richie Davidson)སོགས་ཚན་རིག་པ་དང་མཁས་དབང་རྣམ་པའི་དྲི་བར་བཀའ་ལན་གནང་བའི་སྐབས།དུས་རབས་སྔ་མའི་ནང་ང་ཚོ་ཕན་ཚུན་དབར་མི་མཐུན་པ་བྱུང་སྐབས། ལམ་སང་མེ་མདའ་ལ་ལག་པ་འཆང་གི་ཡོད་ནའང་། དུས་རབས་ཉེར་གཅིག་པའི་ནང་ཕན་ཚུན་མི་མཐུན་པ་བྱུང་རུང་། ང་ཚོས་གྲོས་མོལ་ལ་བསམ་བློ་གཏོང་གི་ཡོད་པས་ངོས་ནས་དུས་རབས་འདི་ནི་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་དགོས་པ་རེད་ཅེས་བཤད་བསྡད་ཀྱི་ཡོད།   དེར་བརྟེན་ངོས་ཀྱི་འདོད་པ་དང་དམིགས་ཡུལ་གཙོ་བོ་ནི།ཤེས་ཡོན་གྱི་ལམ་ནས་གྲོས་མོལ་གྱི་གོམས་གཤིས་གོང་འཕེལ་དང་།གཞི་རྩ་འགྲོ་བ་མི་ཚང་མ་གཅིག་གྱུར་དང་གཤིབ་ནས་འདུག་དགོས་པའི་ཆ་ནས་མཚོན་དང་དམག་འཁྲུག་ནི་བེད་སྤྱོད་གང་ཡང་མེད་པར་བརྟེན། འཛམ་གླིང་འདི་དྲག་པོའི་དམག་དཔུང་དང་བྲལ་བ་ཞིག་བཟོ་དགོས་ངེས་རེད་ཅེས་བཀའ་གནང་ཡོད་པ་རེད།

ཡང་འཛམ་གླིང་སྤྱིར་ཏོག་དབྱིབས་ནད་དུག་གི་དབང་གིས་མི་སེམས་ལ་འཇིགས་སྣང་ཆེན་པོ་ཡོང་བཞིན་པའི་སྐབས་འདིར། སེམས་ལ་སྟངས་འཛིན་དང་འཇིགས་སྣང་ལས་གྲོལ་ཐབས་ཀྱི་སྐོར་བཀའ་འདྲི་ཞུས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་གྱི་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་བཞིན་པ་མུ་མཐུད་འགྲོ་དགོས་པ་ཞིག་དང་།མི་སྒེར་སོ་སོ་ལ་མཚོན་ན་སེམས་ཁམས་ལའང་འབྲེལ་བ་ཞིག་ཡོད་བསྡད་པར་མཐོང་།སེམས་ཁམས་ཞི་ལྷོད་དང་སོ་སོར་གདེང་ཚོད་ལོན་པ་བཅས་ཡོད་མཁན་ཚོར།གཅིག་བྱས་ན་ཤུགས་རྐྱེན་གང་འཚམས་རེ་ཡོད་སྲིད་པ་རེད།འཇིགས་སྣང་ཆེན་པོ་བྱས་ན་ནད་འབུ་འདིས་ཀྱང་འགོས་ཁྱབ་ཀྱི་གོ་སྐབས་ཤིག་རག་འགྲོ་ཡི་ཡོད་པ་རེད།སེམས་ནང་འཇིགས་སྣང་དེ་ཙམ་མེད་པ་སོགས་ཀྱིས་ལུས་ཀྱི་གཟུངས་ཤུགས་ཆེ་རུ་འགྲོ་ངེས་ཡིན་པ་སོགས་ལམ་སྟོན་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།