སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འོན་མངའ་རིས་གྲྭ་ཚང་དུ་ཆིབས་སྒྱུར་སྐྱོང་གནང་མཛད་འདུག

2019-08-10
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཱ་ནཱ་ལིར་ཞབས་སོར་བདེ་བར་འཁོད་དེ་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་ཆིབས་བསྒྱུར་དང་ཕེབས་སྟོན་མཛད་སྒོར་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཱ་ནཱ་ལིར་ཞབས་སོར་བདེ་བར་འཁོད་དེ་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་ཆིབས་བསྒྱུར་དང་ཕེབས་སྟོན་མཛད་སྒོར་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་འདུག
དགའ་ལྡན་ཕོ་བྲང་།

༧གོང་ས་མཆོག་འོན་མངའ་རིས་གྲྭ་ཚང་དུ་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དཀར་གཙང་མཇལ་དར་དང་། མེ་ཏོག བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། མགོན་པོ་གང་ཉིད་འོན་མངའ་རིས་གྲྭ་ཚང་དུ་༧ཞབས་སོར་བདེ་བར་འཁོད་མཚམས་དགོན་པའི་མཁན་པོ་སོགས་ཀྱི་མཊལ་རྟེན་གསུམ་དང་གསོལ་ཇ་འབྲས་བསིལ་སོགས་འདེགས་འབུལ་ཞུས་གྲུབ་མཚམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འོན་མངའ་རིས་གྲྭ་ཚང་དང་༧རྒྱལ་དབང་སྐུ་ཕྲེང་རིན་བྱོན་དང་དམིགས་བསལ་འབྲེལ་བ་ཡོད་པའི་སྐོར་བཀའ་སློབ་སྩལ་གནང་མཛད་འདུག ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་པའི་བསྟན་པ་དེ་དད་པ་དང་དགེ་བཙུན་གཅིག་པུ་མིན་པར་སྐྱ་སེར་ཕོ་མོ་དབྱེ་བ་མེད་པས་ནང་ཆོས་སློབ་སྦྱོང་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་སྩལ་གནང་ཞིང་དེའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་མཆོག་དང་། ཧི་མ་ཅལ་མངའ་སྡེའི་ཁྲིམས་ཞིབ་པ་ཆེ་བ་སོགས་སྐུ་བཅར་ཞུས་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༨ པའི་སྤྱི་ཚེས་༩ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མཱ་ནཱ་ལི་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་བའི་སྐབས། ཕེབས་ལམ་དུ་བཞུགས་སྒར་རྡ་རམ་ས་ནས་རྒྱང་ཐག་ཀི་ལོ་མི་ཊར་༩༢ ཙམ་གྱི་སར་ཡོད་པའི་ཧ་མིར་པུར་གྲོང་ཁྱེར་ Hamirpur རུ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Prem Kumar Dhumal མཆོག་དང་མཇའ་མོལ་གནང་འདུག་ཅིང་། སྐུབས་ཞབས་Prem kumar Dhumal མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་Hamirpur ས་གནས་གཞུང་གི་མགྲོན་ཁང་དུ་མཇའ་འཕྲད་བྱུང་བ་དང་། དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་དེ་སྔ་རྒྱ་གར་ནི་ཆོས་ཕྱོགས་ཀྱི་ཐོག་ནས་བོད་ཀྱི་སློབ་དཔོན་རེད། ཡིན་ནའང་། ད་ཆར་བོད་དེ་རྒྱ་གར་གྱི་སློབ་དཔོན་ཆགས་པ་རེད་ཅེས་ཁོང་ལ་བཀའ་གནང་བའི་སྐོར་འདི་གའི་གསར་འགོད་པར་གསུངས་འདུག་ལ་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཞལ་མཇལ་བྱུང་བ་དེ་ནི་ཁོང་རང་ཉིད་ཀྱི་བློའི་མུན་པ་སེལ་བ་དང་བྱིན་རླབས་ཐོབ་པའི་ཚོར་སྣང་བྱུང་ཞེས་འགྲེལ་བརྗོད་གནང་འདུག  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཱ་ནཱ་ལི་ཁུལ་དུ་ཆིབས་བསྒྱུར་དང་ཆོས་འབྲེལ་སྩལ་གནང་རྒྱུར་འོན་མངའ་རིས་གྲྭ་ཚང་གིས་ལོ་གསུམ་གྱི་གོང་ནས་གསོལ་འདེབས་ཞུས་ནས་ཞལ་བཞེས་བཟང་པོ་ཐོབ་ཏེ་ད་རེས་མཱ་ནཱ་ལི་ཁུལ་དུ་༧ཞབས་སོར་འཁོད་གནང་མཛད་ཏེ་ཆོས་འབྲེལ་སྩལ་གནང་རྒྱུ་ཡིན་པ་རེད། འོན་མངའ་རིས་གྲྭ་ཚང་ནི་རྒྱལ་དབང་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་གིས་ཕྱག་བཏབ་ཏེ་རིམ་པས་དགོན་པ་དེ་བཞིན་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པའི་དགོན་པ་ཞིག་ཏུ་འགྱུར་ཡོད་པ་གྲྭ་ཚང་གི་ཕྱག་མཛོད་ནས་འགྲེལ་བརྗོད་གནང་འདུག།

༄༅།།ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཱ་ནཱ་ལིར་ཞབས་སོར་བདེ་བར་འཁོད་དེ་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་ཆིབས་བསྒྱུར་དང་ཕེབས་སྟོན་མཛད་སྒོར་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།