ས་ཆ་གང་དུ་སོང་ཡང་བོད་པ་ཡིན་བསམ་པའི་འདུ་ཤེས་དེ་མ་བརླག་པར་དགོས།

2019-10-26
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་སྟེང་བོད་ཁྱིམ་ནས་སློབ་ཟུར་ཁག་ཅིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་བཀའ་སློབ་སྩལ་འདུག
རྡ་སྟེང་བོད་ཁྱིམ་ནས་སློབ་ཟུར་ཁག་ཅིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་བཀའ་སློབ་སྩལ་འདུག
བོད་ཁྱིམ་སློབ་གྲྭ།

དེ་ཡང་ཕྱི་ལོ་༡༩༩༤དང་༡༩༩༦ལོར་རྡ་སྟེང་བོད་ཁྱིམ་ནས་སློབ་མཐར་སོན་པ་བོད་པའི་ཕོ་མོ་སྐོར་ཅིག་ལ་༧གོང་ས་མཆོག་གིས་ཕྱི་ཚེས་༢༥ཉིན་གཟིམས་ཆུང་ནང་མཇལ་ཁ་གནང་སྐབས་ང་ཚོའི་ལུས་འདི་བོད་མིའི་ཤ་ཁྲག་རུས་གསུམ་གྱིས་གྲུབ་པ་ཞིག་ཡིན་པས། ས་ཆ་གང་དུ་སོང་ཡང་རང་ཉིད་བོད་པ་ཡིན་བསམ་པའི་འདུ་ཤེས་དེ་མ་བརླག་པར་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་མ་ཟད། ཕྲུ་གུ་ཚོར་བོད་ཡིག་ངེས་པར་དུ་སློབ་དགོས་པའི་ལམ་སྟོན་གནང་ཡོད་ཅིང་། ཅི་ཙམ་གྱིས་གཞན་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་ཡོད་པ་དེའི་ཚོད་ཀྱིས་སེམས་ལ་ཞི་བདེ་ཡོང་བའི་ཁྱད་པར་ཏན་ཏན་འདུག་པས། ནང་ཆོས་ཀྱི་ལྟ་གྲུབ་དེ་དག་གིས་སེམས་སྐྱིད་པོ་དང་བག་ཕེབས་པ། མི་ཚེ་རིང་པོ་ཡོང་རྒྱུར་ཕན་ཐོག་ངེས་གཏན་ཡོད་སྟབས། ཁྱེད་ཚོ་བོད་རིགས་སུ་སྐྱེས་པ་དེ་བསྐལ་བ་བཟང་པོ་ཡིན་བསམ་པ་དང་སྤོབས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་སློབ་སྩལ་འདུག དེ་བཞིན་༧གོང་ས་མཆོག་ནས་མིའི་བསམ་བློར་བསྒྱུར་བ་གཏོང་རྒྱུ་ལ་སེམས་ཁམས་རིག་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ན་ལེན་ཌའི་མཁས་པ་ཚོ་དོན་དག་གང་ཡིན་ལ་རིགས་པས་དཔྱད་པ་བྱས་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། མཁན་ཆེན་ཞི་བ་འཚོས་ན་ལེན་ཌའི་ནང་ཆོས་ཀྱི་འགྲོ་སྟངས་བོད་ནང་དར་སྤེལ་གནང་བ་དེ་ནི་ཧ་ཅང་གི་རླབས་ཆེ་བའི་མཛད་རྗེས་ཤིག་ཡིན་པ་སོགས་བཀའ་སློབ་སྩལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།