ཐེ་ཝན་དུ་དགོངས་པ་རྫོགས་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ད་དུང་ཡང་ཐུགས་དམ་ལ་བཞུགས་ཡོད་པ།

2020-08-08
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་དུ་དགོངས་པ་རྫོགས་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དམ་པ་ཁོང་ད་དུང་ཡང་ཐུགས་དམ་ལ་བཞུགས་ཡོད་པ།
ཐེ་ཝན་དུ་དགོངས་པ་རྫོགས་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དམ་པ་ཁོང་ད་དུང་ཡང་ཐུགས་དམ་ལ་བཞུགས་ཡོད་པ།
སྒྲོལ་དཀར།

༄༅།།ཐེ་ཝན་དུ་དགོངས་པ་རྫོགས་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དམ་པ་ཁོང་ད་དུང་ཡང་ཐུགས་དམ་ལ་བཞུགས་ཡོད་འདུག
དགུང་གྲངས་ ༨༥ ལ་ཕེབས་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལཌ་ཐེ་ཝན་དུ་ཕྱི་ཟླ་ ༧ ཚེས་༡༤ཉིན་དགོངས་པ་རྫོགས་ནས་ཉིན་གྲངས་ཉི་ཤུ་རྩ་ལྔ་སོང་ཡང་། ད་དུང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པར་ཐུགས་དམ་ལ་བཞུགས་མུས་ཡིན་ཅིང་། ད་ཆ་ཐེ་ཝན་གྱི་ཚན་རིག་པ་ཁག་ཅིག་ནས་ཞིབ་འཇུག་བརྟག་དཔྱད་ཡང་ཞུ་བཞིན་ཡོད་འདུག ཐེ་ཝན་ནང་བོད་པའི་དགེ་འདུན་པ་ཞིག་དགོངས་པ་རྫོགས་ནས་ཐུགས་དམ་དུ་བཞུགས་མཁན་རྒྱུན་རིང་ཤོས་དེ་ཡིན་པ་དང་། རྣམ་ཀུན་ཐུགས་དམ་དུ་བཞུགས་མཁན་ཁག་གཅིག་ལ་བརྟག་དཔྱད་ཞིབ་འཇུག་ཞུ་མཁན་ར་ཤི་ཡའི་ཚན་རིག་པ་དང་དེ་བཞིན་ཨ་རིའི་ཚན་རིག་པ་ཁག་གཅིག་ཡོད་ན་ཡང་། དེང་སྐབས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་གསར་པ་ཤུགས་ཆེ་ཁྱབ་བཞིན་པའི་དུས་འདིར་ཚན་རིག་པ་དེ་དག་ཐེ་ཝན་དུ་བསྐྱོད་ཐུབ་ཐབས་བྲལ་ཡོད་ཀྱང་། ཐེ་ཝན་གྱི་སྐྱེ་དངོས་ཚན་རིག་པ་དང་། སེམས་ཁམས་རིག་པའི་ཚན་རིག་པ། དེ་བཞིན་ཐེ་ཝན་མཐོ་སློབ་ཀྱི་སེམས་ཁམས་ཚན་པའི་དགེ་རྒན་བཅས་ནས་བརྟག་དཔྱད་ཞིབ་འཇུག་ཞུ་བཞིན་ཡོད་འདུག     
འདི་ལྟ་བུའི་ཉིན་གྲངས་ཧ་ཅང་མང་པོ་ཐུགས་དམ་དུ་བཞུགས་མཁན་ཞིག་ལ་ཐེ་ཝན་ཚན་རིག་པ་ཚོས་བརྟག་དཔྱད་ཞུས་པ་ཐོག་མ་དེ་ཆགས་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཐེ་ཝན་ནང་ད་ལྟ་གནམ་གཤིས་ཚ་བ་ཆེ་ཤོས་ཀྱི་སྐབས་ཡིན་པ་དང་།  དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་བཞུགས་ཡུལ་ཁང་དུ་དམིགས་བསལ་གྲང་གློག་ལ་སོགས་པའི་མཐུན་རྐྱེན་གང་ཡང་མེད་ཀྱང་། སྐུ་ཕུང་མ་གཞིགས་པ་དང་དྲི་མ་ཙམ་ཡང་མེད་པར་ཡ་མཚན་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད་འདུག།

དྲ་གནས་ཆ་ཚང༌།