ཇར་མན་ནི་གཞུང་གིས་བོད་དོན་ཐོག་དོ་སྣང་དང་བཅས་གླེང་སློང་བྱེད་ཀྱི་ཡོད་ཟེར།

2020-11-23
གློག་འཕྲིན།
མཆན།
Share
པར་བཀོད།
ཇར་མན་ནི་རྒྱལ་དར།
ཇར་མན་ནི་རྒྱལ་དར།
AP

ཇར་མན་ནི་གཞུང་གིས་བོད་དོན་ཐོག་ཐུགས་འཚབ་དང་བཅས་དོ་སྣང་དང་གོ་སྐབས་ནམ་བྱུང་རྒྱ་ནག་དང་མཉམ་གླེང་སློང་བྱེད་ཀྱི་ཡོད་པ་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་གསུང་བྱུང་།
ཇར་མན་ནི་གཞུང་གིས་བོད་མི་ཚོར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་ཞུ་རྒྱུར་རྒྱ་ནག་གཞུང་གི་ཐེ་བྱུས་མེད་པར་ཁོང་ཚོར་རང་དབང་སྤྲོད་དགོས་པ་གལ་ཆེན་པོར་གཟིགས་ཀྱི་ཡོད་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་རིན་པོ་ཆེ་གར་ཡོད་དང་། ༧སྐུའི་འཕྲོད་བསྟེན་གྱི་གནས་བབ་ཐོག་ཐུགས་ཚབས་ཡོད་པ་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད།
དེ་ཡང་བོད་ནང་བོད་མི་ས་ཡ་ཕྱེད་ཀ་ལྷག་ལ་བཙན་ཤེད་ཀྱི་སྒོ་ནས་ངལ་རྩོལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་ལྟར། ཇར་མན་ནི་ཕྱི་སྲིད་ལས་ཁུངས་ཀྱི་གནས་ཚུལ་ཡོང་ཁུངས་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཕྱི་ཟླ་༡༡ཚེས་༢༠ཉིན་ཡིག་ཐོག་བཀའ་ལན་གནང་བ་དེའི་ནང་དུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཐོག་དྲག་གནོན་བྱེད་པར་འཇར་མན་ནི་དབུས་གཞུང་གིས་ཐུགས་ཚབས་གནང་གི་ཡོད་ཅིང་།  དེའི་སྐོར་རྒྱུན་ལྡན་རྒྱ་ནག་མཉམ་ཕྱོགས་གཉིས་ཀྱི་འབྲེལ་བའི་གླེང་སྟེགས་ཁག་གི་ཐོག་ལ་གླེང་སློང་གནང་གི་ཡོད་པ་གསུངས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཇར་མན་ནི་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གར་ཡོད་གནས་སྟངས་དང་སྐུ་གཟུགས་འཕྲོད་བསྟེན་གྱི་གནས་བབ་ཐད་ལ་ཐུགས་ཚབས་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་དེའི་སྐོར་གནས་ཚུལ་འཕར་མ་ཕྱིར་བསྒྲགས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ཡང་གསལ་བཤད་གནང་ཡོད་པ་རེད།
ཇར་མན་ནི་རྒྱལ་ཁབ་ཀྱིས་ད་ལྟའི་ཆར་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་ཀྱི་ཡོད་པའི་ཆ་ནས་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་གཅིག་ཆགས་པ་དང་། ཉེ་བའི་ཆར་ཇར་མན་ནི་དབུས་གཞུང་གི་འགྲོ་བ་མིའི་ཐོབ་ཐང་སྲིད་བྱུས་དང་མི་ཆོས་རོགས་སྐྱོར་སྡེ་ཚན་གྱི་འགན་འཛིན་ཚོགས་གཙོས་ཕྱི་ཟླ་༩པའི་ནང་རྒྱ་ནག་མཉམ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་གནང་སྐབས། བོད་ཀྱི་གནས་སྟངས་སྐོར་གླེང་སློང་གནང་བ་འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་ཡོད་ཅིང་། ཕྱི་ཟླ་༡༠པའི་ནང་རྒྱལ་ཁབ་༣༩ཡི་མཉམ་སྦྲེལ་གྱི་སྤྱི་བསྒྲགས་ཤིག་བཏོན་པའི་ནང་། བོད་རང་སྐྱོང་ལྗོངས་དང་རྒྱ་ནག་ནང་གི་བོད་མི་འདུ་སྡོད་ས་ཁུལ་ཁག་གི་གནས་སྟངས་ཐད་རྒྱལ་ཚོགས་ཀྱི་ཚོགས་ཆེན་འབྲེལ་བའི་ཚོགས་ཆུང་༣པའི་ཐོག་གླེང་སློང་གནང་བ་ཡང་བྱུང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།