བོད་དང་ཨོ་གྷོ་ནིའི་འཐབ་རྩོད་ལ་རྒྱབ་སྐྱོར་མཇུག་སྐྱོང་བྱེད་རྒྱུའི་གྲོས་ཆོད་བཞག་འདུག

2020-08-11
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་སྒྲིག་འཛུགས་ཀྱིས་བོད་དང་ཨོ་གྷོ་ནི་མི་དམངས་ཀྱི་འཐབ་རྩོད་དྲན་གསོ། ༢༠༢༠
རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་སྒྲིག་འཛུགས་ཀྱིས་བོད་དང་ཨོ་གྷོ་ནི་མི་དམངས་ཀྱི་འཐབ་རྩོད་དྲན་གསོ། ༢༠༢༠
unpo.org

རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་སྒྲིག་འཛུགས་ཀྱིས་བོད་དང་ཨོ་གྷོ་ནི་མི་དམངས་ཀྱི་འཐབ་རྩོད་དྲན་གསོ་དང་རྒྱབ་སྐྱོར་མཇུག་སྐྱོང་གི་གྲོས་ཆོད་བཞག་འདུག
ཉེ་ལམ་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཐེངས་༡༥་པའི་ཐོག་ཚོགས་པའི་དབུ་ཁྲིད་ཟུར་པའི་མཛད་རྗེས་དྲན་གསོ་དང་སྦྲགས་བོད་མི་དང་ཨོ་གྷོ་ནི་(Ogoni)་མི་མང་གི་རྩ་དོན་ལ་རྒྱབ་སྐྱོར་མཇུག་སྐྱོང་གནང་རྒྱུའི་གྲོས་ཆོད་བཞག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དང་ཨོ་གྷི་ནི་ལེནྜི་མི་མང་གི་འཐབ་རྩོད་ཀྱི་དབུ་ཁྲིད་ཟུར་པ་ཚོའི་མཛད་རྗེས་དྲན་གསོ་དང་། རྒྱལ་སྤྱིའི་ཐོག་མི་རིགས་དེ་གཉིས་ཀྱི་རྩ་དོན་དམ་འཛིན་གནང་དགོས་པ་གྲོས་ཆོད་ནང་འཁོད་ཡོད་པ་དང་། བོད་དང་ནའི་ཇི་རི་ཡའི་(Nigeria)་ཨོ་གྷ་ནི་ལེནྜི་(Oganiland)་གཉིས་ཀྱི་དབུ་ཁྲིད་རྣམ་པའི་མཛད་རྗེས་རྒྱལ་སྤྱིའི་ཐོག་ལག་ལེན་འཁེལ་བའི་འབད་བརྩོན་དགོས་ལུགས་སྐུལ་འདེད་བྱས་འདུག
ཐོག་མར་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་ཆེན་གསར་འཛུགས་གནང་མཁན་དང་དྲུང་ཆེ་མའི་ཁེལ་ཝན་ཝལ་ཊེ་་པ་རགྷ་(Michael van Walt Praag)་ལ་འདི་ལོ་ཕྱི་ཟླ་༤འི་ནང་ནི་དྷར་ལེནྜི་(Netherland)་རྒྱལ་ཁབ་དང་མི་མང་གི་གཟེངས་རྟགས་ཨོ་རནྗི་ན་སའུ་(Orange Nassau)་ཞེས་པ་འབུལ་བཞེས་གནང་བར་བསྔགས་བརྗོད་ཞུས་འདུག དེ་བཞིན་ཚོགས་ཆེན་དེའི་ཐོག་དེ་སྔའི་ཚོགས་པའི་དབུ་ཁྲིད་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དམ་པ་ཡིས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ཐད་མཛད་རྗེས་ཆེན་པོ་འཇོག་གནང་མཛད་པར་རྗེས་དྲན་དང་། དེ་བཞིན་ཚོགས་པའི་ཚོགས་གཙོ་ཟུར་པ་ངག་དབང་ཆོས་འཕེལ་དམ་པ་ལགསསུ་རྗེས་དྲན་ཞུས་གནང་འདུག ཁོང་རྣམ་གཉིས་ཕྱི་ལོ་༢༠༡༨་དང་༡༩་སོ་སོར་དགོངས་པ་རྗོགས་ཡོད་པ་རེད།
དེ་བཞིན་ཚོགས་ཆེན་ཐོག་ཨོ་གྷ་ནི་མི་རིགས་ཀྱི་ཁོར་ཡུག་དོན་གཉེར་བ་ཀེན་ས་རོ་ཝི་ཝ་(Ken Saro Wiwa)་གྲོངས་ནས་ལོ་༢༥་འཁོར་བའི་ཉིན་མོ་རྗེས་དྲན་དང་། དོ་བདག་གི་ནང་མི་ཚོར་ཁྲིམས་ཐོག་ནས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།