བོད་མིའི་མཉམ་འབྲེལ་ཚོཊ་པ་ཁག་ས་གནས་འགོ་འཛིན་དང་བསྟུན་དགོས། སྤྱི་འཐུས་ཚོགས་གཙོ་མཆོག་གིས།

2019-08-23
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་༡༩་པ་ཚོགས་བཞིན་པ། ༢༠༡༩།༨།༢༣
བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་༡༩་པ་ཚོགས་བཞིན་པ། ༢༠༡༩།༨།༢༣
RFA

བཞུགས་སྒར་རྡ་རམ་སཱ་ལར་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་༡༩་པ་ཚོགས་བཞིན་འདུག
བོད་མིའི་མཉམ་འབྲེལ་ཚོགས་པ་ཁག་ནས་ས་གནས་འགོ་འཛིན་རྣམས་དང་མཉམ་རུབ་ཀྱིས་ཐོག་ནས་ཕྱག་ལས་གནང་དགོས་པ་ལས་རྒྱབ་འགལ་གྱི་རིགས་བྱས་ཚེ་འགྲིག་གི་མེད་པ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་ནས་མཆོག་གིས་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་སྐབས་གསུངས་སོང་།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༩་པ་དེ་ཟླ་བ་འདིའི་སྤྱི་ཚེས་༢༣་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ་འགོ་འཛུགས་ཀྱིས། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མིའི་མཉམ་འབྲེལ་ཁག་ནི། བོད་མིའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁེ་ཕན་ངེན་ཅན་ཞིག་བསྒྲུབ་རྒྱུའི་སླད་དུ་རང་དབང་དང་འདྲ་མཉམ་གྱིས་སྒོ་ནས་མང་གཙོའི་སྟངས་འཛིན་བྱེད་པའི་ཚོགས་པ་ཞིག་ཡིན་ཐོག་ཧ་ཅང་གལ་ཆེན་ལ་བརྩི་བཞིན་པ་དང་། བོད་མིའི་མཉམ་འབྲེལ་ཚོགས་པ་ཁག་ཅིག་ནས་ང་ཚོ་རང་སྐྱོང་ཡིན། ས་གནས་འགོ་འཛིན་ལ་བསྟུན་དགོས་མེད་ཟེར་ནས་རྒྱབ་འགལ་རང་བྱེད་བཞིན་ཡོད་པ་ནི་ཚུལ་མཐུན་མིན་པ་གསུངས་ཡོད་པ་རེད།
བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འཐུས་མི། དེ་བཞིན་བོད་མིའི་མཉམ་འབྲེལ་ཁག་བཅུ་ལྔའི་འཐུས་མི་རྣམ་པ་བཅས་ལྷན་ཞུགས་གནང་འདུག་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་མཉམ་འབྲེལ་ཁག་གི་འཐུས་མི་རྣམ་པར་བསྔགས་བརྗོད་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་གི་དགོངས་དོན་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ཡོང་བར་བོད་མིའི་མཉམ་འབྲེལ་ཁག་ནི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོང་པའི་ཁར། བོད་མིའི་གཞིས་ཆགས་ཁག་ཏུ་བོད་མིའི་ཚོར་གཏན་སྲ་བརྟན་ཡོང་བར་དེ་སྔ་ཡོད་པའི་ལས་གཞི་ཁག་གི་འདང་གི་མེད་པར་འཆར་གཞི་གསར་པའི་དགོས་གལ་ཆེ་ཞིང་། དེའི་ཐོག་བཀའ་ཤག་ནས་གང་ཐུབ་ཀྱིས་འཐུས་སྦྱོར་རོགས་རམ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཡང་སྐབས་དེར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ལོ་༢༠༡༨་ནས་༡༩་ལོའི་རྩིས་ཁུངས་ནས་ས་གནས་མཉམ་འབྲེལ་ཁག་བཅོ་ལྔ་ཡོད་པ་ཚང་མར་ཧིན་སྒོར་འབུམ་གཉིས་རེ་གནང་ཡོད་པའི་ཁར། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་ལགས་ནས་ཀྱང་བོད་མིའི་མཉམ་འབྲེལ་གྱི་གནས་སྟངས་ལོ་རེ་བཞིན་བཟང་དུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་རྒྱ་གར་བྱང་ཤར་མེའུ་ཆོས་འཕེལ་གླིང་བོད་མིའི་མཉམ་འབྲེལ་ཚོགས་པའི་དྲུང་ཆེ་བསྟན་འཛིན་རབ་འབྱོར་ལགས་ནས་མེའུ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཇ་ཤིང་འདེབས་འཛུགས་གནང་སའི་ཁོར་ཡུག་ཡག་པོ་ཡོད་པར་བརྟེན། ཨ་རིའི་གཞུང་གིས་རོགས་སྐྱོར་འོག་ས་ཁུལ་འདིར་ཇ་ཡི་བཟོ་གྲྭ་ཞིག་གསར་འཛུགས་གནང་རྒྱུ་ཡིན་པ་ཁོང་གིས་འགྲེལ་བརྗོད་གནང་གི་འདུག
བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་༡༩་དེ་བཞིན་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་འདུག་པ་དང་། མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སོགས་ཀྱི་ཐོག་བགྲོ་གླེང་དང་ཞིབ་མཇུག་གནང་རྒྱུ་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།