༢༠༢༠ལོའི་གླེང་སྟེགས་ཐོག་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་གླེང་རྒྱུ།

2020-11-07
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་འགྲོ་བ་མའི་ཐོབ་ཐང་དགོས་པའི་དགོས་འདུན་གྱི་ལག་བྱང་འཁྱེར་ནས་རྒྱ་ནག་ལ་ངོ་རྒོལ། ཇཱི་ནི་ཝར་༢༠༡༦ལོར།
བོད་ནང་འགྲོ་བ་མའི་ཐོབ་ཐང་དགོས་པའི་དགོས་འདུན་གྱི་ལག་བྱང་འཁྱེར་ནས་རྒྱ་ནག་ལ་ངོ་རྒོལ། ཇཱི་ནི་ཝར་༢༠༡༦ལོར།
ཨེ་ཨེཕ་པི།

སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ Forum 2020 འམ་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་ཇུས་དང་དེ་ཡིས་འཛམ་གླིང་ཐོག་ཤུགས་རྐྱེན་ཇི་ཐེབས་སྐོར་གྱི་༢༠༢༠ལོའི་གླེང་སྟེགས་ཞེས་པའི་ཚོགས་ཐེངས་གསུམ་པ་དེ་བཞིན་འདི་ཟླའི་ཚེས་༩ནས་༡༣བར་གོ་སྒྲིག་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག  རྒྱ་ནག་ནས་ཐོག་མར་བྱུང་བའི་ཀོ་ཝིཏ་༡༩ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་མུས་ཀྱི་ཉེན་ཁར་བརྟེན་ནས་བགྲོ་གླེང་ཐོག་བཀའ་སློབ་གནང་མཁན་རྣམས་དང་དེའི་ནང་ལྷན་བཞུགས་གནང་མཁན་ཡོངས་ཀྱི་བདེ་དོན་ཆེད་དུ་གོང་ཞུས་བགྲོ་གླེང་ཚོགས་འདུའམ་གླེང་སྟེགས་དེ་བཞིན་དྲ་རྒྱའི་ཐོག་ནས་ཚོགས་གནང་རྒྱུ་དང་གླེང་སྟེགས་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་འབྱེད་གནང་རྒྱུ་དང་ལྷན་ཚོགས་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་རྣམས་ལྷན་བཞུགས་གནང་འཆར་འདུག གླེང་སྟེགས་དེའི་ནང་བཀའ་སློབ་གནང་མཁན་སྡེ་ཚན་བཞི་རུ་དབྱེ་བ་ཕྱེ་གནང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཀྱི་མཁས་པ་དང་གཙུག་ལག་སློབ་རིག་མཁས་པ་དོན་གཉེར་བ་དང་ཕྱི་འབྲེལ་མི་སྣ་ ཁྲིམས་རྩོད་པ་དང་གྲོས་ཚོགས་འཐུས་མི་གཙོས་པའི་མཁས་དབང་ཁག་གིས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་ཇུས་དང་དེ་ཡིས་འཛམ་གླིང་ཐོག་ཤུགས་རྐྱེན་ཇི་ཐབས་སྐོར་བཀའ་སློབ་གསུང་བཤད་གནང་འཆར་འདུག ཡང་གླེང་སྟེགས་འདིའི་ནང་རྒྱ་ནག་གཞུང་གིས་ནང་ཆོས་ལ་དད་གུས་ཡིད་ཆེས་ཞུ་མཁན་བོད་མི་དང་ཡུ་གུར་ཁ་ཆེའི་མི་རིགས་ཡེ་ཤུ་དང་ཕ་ལུང་ཀུང་ཞེས་པའི་རྩ་རླུང་སྒོམ་གྲུབ་ལ་དད་གུས་བྱེད་མཁན་ཚོར་དམ་བསྒྲགས་དང་ཉེས་ཆད་སོགས་བཀེལ་བཞིན་པའི་རྐྱེན་གྱིས་ཆོས་དད་རང་དབང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་སོགས་ཀྱི་སྐོར་ལ་ཡང་བགྲོ་གླེང་གནང་འཆར་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།