༢༠༢༡ལོའི་འོས་བསྡུའི་ཆེད་འགན་འཛིན་ལས་འཕར་གཉིས་བསྐོ་གཞག

2020-07-28
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་མོས་ཐོག་བདམས་ཐོན་གྱིས་བསྐོ་གཞག་བྱུང་བའི་འོས་བསྡུའི་འགན་འཛིན་ལས་འཕར་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས།
སྤྱི་མོས་ཐོག་བདམས་ཐོན་གྱིས་བསྐོ་གཞག་བྱུང་བའི་འོས་བསྡུའི་འགན་འཛིན་ལས་འཕར་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས།
Photo: RFA

བཙན་བྱོལ་བོད་མིའི་བཅའ་སྒྲིག་དགོངས་དོན་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་། དབུས་འོས་བསྡུ་ལས་ཁང་དུ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཀྱིས་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས། ལྡབ་གཉིས་ལས་མི་ཉུང་བའི་འོས་མི་སྤྱི་འཐུས་ལྷན་ཚོགས་སམ་སྤྱི་འཐུས་རྒྱུན་ལས་སུ་འབུལ་དགོས་ཞེས་གསལ་བ་ལྟར་འདི་ཚེས་༢༨ཉིན་ཚོགས་ཆུང་གི་འོས་མི་སྤྱི་འཐུས་རྒྱུན་ལས་སུ་ཕུལ་བར་མདོ་སྨད་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་། དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་གཉིས་སུ་འདེམས་སྒྲུག་ཚོགས་ཆུང་བསྐོ་བཞག་བྱུང་ཡོད་པ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོང་གནང་བྱུང་།

ཡང་ཁོང་གིས་འདེམས་ཐོན་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱི་དམ་འབུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དུས་ཚོས་གཏན་འབེབས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་། སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཡུན་༢༠༢༡ཟླ་བ་༥པའི་ནང་རྫོགས་ཀྱི་ཡོད་སྟབས། སྲིད་སྐྱོང་དང་།  སྤྱི་འཐུས་འོས་བསྡུ་སླེབས་ལ་ཉེ་བར་ཡོད་ཀྱང་། ཏོག་དབྱིབས་གསར་བའི་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས་དཀའ་ངལ་ཡོད་མིན་ལ་མ་ལྟོས་པར་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་འོས་བསྡུ་དུས་ཐོག་བྱེད་ཐུབ་པའི་གྲ་སྒྲིག་དང་འབད་བརྩོན་བྱ་རྒྱུ་ཡིན་པ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱི་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།