ཆོས་ཉམས་ལེན་གཙོ་བ་ལས་དད་པ་ཁོ་ན་ཙམ་གྱིས་འགྲིག་ཐབས་མེད།་༧གོང་ས་མཆོག་གིས།

2019-10-09
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཝེ་ཏི་ནམ་དང་ཨིན་རྡུ་ཉི་ཤེ་ཡ་སོགས་ནས་ཆེད་ཕེབས་གནང་བའི་དད་ལྡན་པ་ཚོར་ཆོས་འབྲེལ་མཛད་སྐབས། ༢༠༡༩།༡༠།༩
༧གོང་ས་མཆོག་གིས་ཝེ་ཏི་ནམ་དང་ཨིན་རྡུ་ཉི་ཤེ་ཡ་སོགས་ནས་ཆེད་ཕེབས་གནང་བའི་དད་ལྡན་པ་ཚོར་ཆོས་འབྲེལ་མཛད་སྐབས། ༢༠༡༩།༡༠།༩
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཝེ་ཏི་ནམ་དང་ཨིན་རྡུ་ཉི་ཤེ་ཡ་སོགས་ནས་ཆེད་ཕེབས་གནང་བའི་དད་ལྡན་པ་ཚོར་ཆོས་འབྲེལ་མཛད་འདུག
ཝེ་ཏི་ནམ་གྱི་དད་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་གཟིམ་ཆུང་མཇལ་འཕྲད་ཁང་དུ། ཝེ་ཏི་ནམ་དང་ཨིན་རྡུ་ཉི་ཤེ་ཡ་སོགས་ཀྱི་དད་ལྡན་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཐུབ་པའི་མཚན་སྔགས་སོགས་ཀྱི་བཟླས་ལུང་བསྩལ་གནང་མཛད་ཡོད་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གིས་བརྙན་འཕྲིན་གནས་ཚུལ་སྤེལ་གནང་བའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བའི་ཕོ་བྲང་དུ། ཝེ་ཏི་ནམ་དང་ཨིན་རྡུ་ཉི་ཤེ་ཡ་སོགས་ནས་ཆེད་ཕེབས་གནང་བའི་དད་ལྡན་པ་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་བྱུང་བ་དེ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡིན་པ་བཀའ་བསྩལ་གནང་བ་དང་། ཐོག་མར་ཝེ་ཏི་ནམ་དང་ཨིན་རྡུ་ཉི་ཤེ་ཡ་སོགས་ཀྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་རང་སོ་སོའི་སྐད་ཐོག་ནས་ཞལ་འདོན་གནང་ཏེ་ཆོས་འབྲེལ་དབུ་བཙུགས་གནང་ཡོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་མི་རིགས་ཚོ་སྔ་མོ་ནས་ནང་ཆོས་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་ཨིན་རྡུ་ཉི་ཤེ་ཡའི་ནང་ལ་ཡང་ཇོ་བོ་རྗེ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ནས་ནང་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ནང་པའི་གཞུང་ནས་ཆོས་ལུགས་གཞན་དང་གཅིག་མཚུངས་བྱམས་པ་དང་། བརྩེ་བ་གསུངས་བཞིན་པ་དང་། དེ་ཡང་སེམས་ཁམས་རིག་པ་དང་འབྲེལ་ནས་གསུངས་བཞིན་པས་ན། ནང་པའི་ཆོས་ནི་བརྟག་དཔྱད་བྱས་ནས་རིག་པ་གཙོ་བོ་ལ་བརྟེན་བཞིན་པའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་ནང་པའི་ཆོས་དེ་ཚན་རིག་དང་ཧ་ཅང་ཐག་ཉེ་པོ་ཡོད་པ་སོགས་བཀའ་སློབ་བསྩལ་འདུག
དེའི་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཝེ་ཏི་ནམ་དང་ཨིན་རྡུ་ཉི་ཤེ་ཡའི་དད་་ལྡན་པ་དེ་དག་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དང་འཇམ་དཔལ་དབྱངས། སྒྲོལ་མ་སོགས་ཀྱི་མཚན་སྔགས་ལྗགས་ལུང་བསྩལ་བ་མ་ཟད། ཆོས་ཟེར་བ་དེར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཉམས་ལེན་བྱ་དགོས་པ་མ་གཏོགས་དད་པ་ཁོ་ན་ཙམ་གྱིས་འགྲིག་ཐབས་མེད་པ་ལམ་སྟོན་བསྩལ་གནང་མཛད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།