བསླབ་པ་གསུམ་གྱི་ཉམས་ལེན་དེ་ནང་པ་སངས་རྒྱས་པའི་རྨང་གཞི་ཡིན། ༧གོང་ས་མཆོག་གིས།

2019-09-05
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཞུགས་སྒར་ནས་ཆོས་འབྲེལ་སྐབས། ༢༠༡༩།༩།༥
༧གོང་ས་མཆོག་གིས་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཞུགས་སྒར་ནས་ཆོས་འབྲེལ་སྐབས། ༢༠༡༩།༩།༥
OHHDL

བསླབ་པ་གསུམ་གྱི་ཉམས་ལེན་ནི་ནང་པ་སངས་རྒྱས་པའི་རྨང་གཞིའི་འགྲོ་སྟངས་ཞིག་ཡིན་པ་༧གོང་ས་མཆོག་གིས་གསུངས་ཆོས་ཉིན་གཉིས་བའི་སྐབས་བཀའ་སྩལ་འདུག
ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཚོགས་སྡེ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་འཕགས་པའི་བདེན་པ་བཞི་དང་།  བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་གསུམ་རིང་གནང་གི་ཡོད་པ་དང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ཟླ་༩་པའི་ཚེས་༥་ཉིན། ༧གོང་ས་མཆོག་གིས་འཛམ་གླིང་ཡུལ་གྲུ་ཁག་༦༧་ནས་ཡོང་བའི་ཆོས་ཞུ་བ་ལྔ་སྟོང་བརྒལ་བར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་སྩལ་སྐབས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པ་ནང་པ་ཚོར་བསླབ་པ་གསུམ་གྱི་ཉམས་ལེན་དེ་རྨང་གཞི་ཡིན་པ་བཀའ་སྩལ་གནང་མཛད་པ་དང་། བྱང་ཆུབ་སེམས་ཀྱི་འགྲེལ་བ་ཞེས་བྱ་བའི་ནང་གསུངས་བའི་བྱང་ཆུབ་ཀྱི་སེམས་འདི་མདོ་སྔགས་ཐུན་མོང་གི་བྱང་ཆུབ་ཀྱི་སེམས་གཞི་ལ་བཞག་པའི་ཐོག་དོན་དམ་བྱང་ཆུབ་སེམས་ཀྱི་སེམས་དེ་ཡིན་པ་བཀའ་སྩལ།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཝིཡེཏ་ནམ། ཧིན་རྡི། ཉི་ཧོང་། ཀོ་རི་ཡ་དང་སི་པན། འཇར་མན། ཨི་ཊ་ལི། རུ་སུ། དབྱིན་སྐད་བཅས་ཀྱི་ནང་ཐད་བསྒྱུར་གནང་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།