རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་བཞག་པར་༧གོང་ས་མཆོག་གིས་དགའ་བསུ་བསྔགས་བརྗོད་མཛད།

2020-10-26
གློག་འཕྲིན།
མཆན།
Share
པར་བཀོད།
རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་བཞག་པར་༧གོང་ས་མཆོག་གིས་དགའ་བསུ་བསྔགས་བརྗོད་མཛད།
རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་བཞག་པར་༧གོང་ས་མཆོག་གིས་དགའ་བསུ་བསྔགས་བརྗོད་མཛད།
སྒྲིག་བཟོ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་ལ་རྒྱལ་ཁབ་ལྔ་བཅུ་ཡིས་ས་རྟགས་བཀོད་པར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དགའ་བསུ་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགའ་བསུའི་གསུང་འཕྲིན་སྩལ་བའི་ནང་། གང་ཉིད་རྡུལ་ཕྲན་གོ་མཚོན་མེད་པ་བཟོ་རྒྱུར་འབད་བརྩོན་བྱེད་མཁན་ཞིག་གི་ངོས་ནས། ད་རེས་རྒྱལ་ཁབ་ལྔ་བཅུ་ཡིས་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྱི་ཆིངས་ཡིག་ལ་མོས་མཐུན་ས་རྟགས་བཀོད་པར་དགའ་བསུ་ཞུ་རྒྱུ་དང་། དེ་ནི་ལོ་རྒྱུས་དང་འགྲོ་བ་མིའི་རིགས་ཀྱི་མ་འོངས་ལ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་མ་ཟད། དྲག་པོའི་གདོང་ཐུག་སོགས་དཀའ་རྙོག་སེལ་རྒྱུར་ཡང་དག་པའི་ལམ་བུར་གོམ་སྟབས་སྤོས་པའི་མཚོན་རྟགས་ཤིག་ཀྱང་ཡིན་ཅེས་དང་། གྲོས་མཐུན་དེ་ལག་བསྟར་ཐུབ་རྒྱུར་ཚང་མས་འཆར་གྲུ་མཉམ་འདེགས་ཀྱིས་འབད་བརྩོན་བྱ་དགོས་པ་དང་། གཏོར་ཚབས་ཆེ་བའི་གོ་མཚོན་རིགས་མེད་པ་བཟོ་ཐུབ་ཚེ་འཛམ་གླིང་འདི་ཞི་བདེ་བརྟན་ལྷིང་ཡོང་རྒྱུ་ཡིན་ཞིང་། ད་ལྟའི་དུས་སྐབས་ཀྱི་མི་རིགས་ཚོ་དུས་རབས་གསར་པ་ཞིག་ལ་གོམ་སྟབས་སྤོ་བཞིན་ཡོད་སྟབས། འགྲོ་བ་མིའི་རིགས་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གནས་དགོས་ཀྱི་ཡོད་པར་ཡིད་ཆེས་གནང་གི་ཡོད་པས། ཆིངས་ཡིག་དེ་འཇོག་ཐུབ་པ་དེས་འགྲོ་བ་མིའི་རིགས་གཅིག་གྱུར་ཡོང་རྒྱུའི་གཞི་རྩ་ཞིག་ཡིན་པར་ཐུགས་ཡིད་ཆེས་གནང་གི་ཡོད་པ་བཀའ་གནང་ཞིང་། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་དེ་ནི་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན་ཅེས་དགའ་བསུ་དང་བཅས་བཀའ་སྩལ་འདུག
སུད་སིའི་གྲོང་ཁྱེར་ཇེ་ནི་ཝར་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་པ་བཟོ་ཐབས་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་(Beatrice Fihn)གྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་གནང་མཛད་པར་ང་ཚོ་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། ང་ཚོའི་ཆེ་མཐོང་གོང་མཐོར་འཕེལ་བ་ཞིག་བྱུང་ཞེས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཕྱག་བྲིས་ཤིག་གནང་འདུག་པ་དེའི་ནང་གསུངས་འདུག
ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་གསུང་འཕྲིན་གྱི་ནང་དོན་ཁག་སྙིང་བཅངས་ཞུ་རྒྱུ་དང་། རིན་ཐང་ཆེ་བའི་ཐུགས་བརྩེའི་བཀའ་ཡིག་གསུང་འཕྲིན་འདིས་ང་ཚོའི་འབྱུང་འགྱུར་གྱི་ལས་དོན་སྒྲུབ་རྒྱུར་བློ་སྟོབས་འཕེལ་གཞིར་གྱུར་ཡོད་པ་གསུངས་པ་དང་། ༧གོང་ས་སྐྱབས་མགན་ཆེན་པོ་མཆོག་ནི། འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་ཐབས་དང་འབྲེལ་བའི་ལས་འགུལ་ཐོག་བཀའ་སློབ་སྩལ་བ་དང་། མུ་འཐུད་ལས་འགུལ་འདིའི་བློ་ཐུབ་ཀྱི་མཐུན་གྲོགས་ཤིག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།