༧གོང་ས་མཆོག་ཧིན་རྡུ་གཙོ་བོར་གྱུར་བའི་བླ་ཆེན་གྱི་ལྷན་ཚོགས་ཐོག་དབུ་བཞུགས།

2019-09-23
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་ཧིན་རྡུ་གཙོ་བོར་གྱུར་བའི་བླ་ཆེན་གྱི་ལྷན་ཚོགས་ཐོག་དབུ་བཞུགས་སྐབས། ༢༠༡༩།༩།༢༣
༧གོང་ས་མཆོག་ཧིན་རྡུ་གཙོ་བོར་གྱུར་བའི་བླ་ཆེན་གྱི་ལྷན་ཚོགས་ཐོག་དབུ་བཞུགས་སྐབས། ༢༠༡༩།༩།༢༣
RFA

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ཧིན་རྡུའི་གནས་ཆེན་གྲོང་ཁྱེར་མུ་ཐུ་རའི་ནང་ཧིན་རྡུ་གཙོ་བོར་གྱུར་བའི་ཆོས་ལུགས་ཁག་གཅིག་གི་བླ་ཆེན་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་འདུག
ཕྱི་ཚེས་༢༣་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་(Sri Udasin Karshni Ashram)་ཤྲི་ཨུ་རྡ་སན་ཀར་ཤྲི་ནི་ཨཤ་རམ་དང་ཆུ་མོ་(Yamuna river)ཡ་མུ་ནའི་མདུན་དུ། ཧིན་རྡུའི་ཆོ་གའི་སྒོ་ནས་མར་མེའི་མཆོད་པ་དང་། དེའི་རྗེས་ལྷ་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་གནས་གཟིགས་དང་དབང་སྒྲུབ་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧིན་རྡུའི་བླ་ཆེན་གཙོ་བོར་གྱུར་པའི་གཞན་ཆོས་ལུགས་ཁག་ཅིག་གི་བླ་ཆེན་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད་པ་རེད།  སྐབས་དེར་༧གོང་ས་མཆོག་གིས། ད་རེས་འདིར་སླར་ཡང་ཕེབས་ཐུབ་པ་དང་གྲོགས་པོ་རྙིང་པ་མང་པོ་ཞིག་དང་ལྷན་དུ་བསྐྱར་འཛོམས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་དང་། འདིར་ཁྱེད་རང་ཚོས་ཆོས་ཕྱོགས་ཀྱི་ལམ་ནས་འགྲོ་བ་སྤྱི་ཡོངས་ལ་ཕན་རླབས་སྒྲུབ་པ་ལ་བསྔགས་བརྗོད་ཞུ་རྒྱུ་དང་ལས་དོན་འདིའི་རིགས་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་པ་རེད།
སྐབས་དེར་ཧིན་རྡུའི་བླ་ཆེན་(Swami Sharananadji Maharaj)་མཆོག་གིས། ད་རེས་༧གོང་ས་མཆོག་ས་གནས་འདིར་ཞབས་སོར་བཀྲིན་བསྐྱངས་པར་ས་གནས་འདིའི་དད་ལྡན་མང་ཚོགས་ལ་བྱིན་རླབས་དང་། གཙོ་ཆེ་ཤོས་༧གོང་ས་མཆོག་ནས་བྱམས་སྙིང་རྗེ་དང་ཆོས་ལུགས་མཐུན་འབྲེལ་སྐོར་བཀའ་སློབ་དང་། ལྷག་པར་དུ་ལོ་མང་པོའི་རིང་རྒྱ་གར་གི་གནའ་བོའི་རིག་གནས་ཐོག་ཉམས་ལེན་དང་།  འཛམ་གླིང་སྤྱི་ལ་རྒྱ་གར་གི་གནའ་བོའི་རིག་གནས་ཀྱི་ཕན་ཐོག་དང་བཟང་པོའི་བསླབ་བྱ་ཁྱབ་སྤེལ་གནང་པར་ཐུགས་རྗེ་ཆེ་ཞུས་བ་དང་། མ་འོངས་གང་ཉིད་མཆོག་འདིར་ག་དུས་ཕེབས་ཀྱང་བཞུགས་གནས་འདི་ནི་གང་ཉིད་མཆོག་གི་བཞུགས་ཡུལ་ཕོ་བྲང་ལྟ་བུ་ཡིན་པས་ག་དུས་ཕེབས་ཀྱང་དགའ་བསུ་ཡོད་པ་གསུངས་གནང་སོང་།
དེ་བཞིན་མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གཞི་རྩའི་ཆ་ནས་འདིར་ཕེབས་པའི་བླ་ཆེན་རྣམས་ཕྱིའི་རྣམ་པའི་ཐོག་ནས་མི་འདྲ་བ་ཡོད་ན་ཡང་ང་མཚོ་ཚང་མ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་གི་གནའ་བོའི་རིག་གཞུང་གི་རྗེས་འབྲང་པ་གཅིག་མཚུངས་ཡིན་པ། ལྟ་གྲུབ་ཀྱི་ཆ་ནས་བསམ་ཚུལ་མི་འདྲ་བ་ཡོང་སྲིད་པ་དང་། དེ་ངེས་པར་དུ་དགོས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གི་གནའ་བོའི་རིག་གཞུང་དེ་དག་ནི་ད་ལྟའི་འཛམ་གླིང་འདིའི་ནང་དགོས་མཁོ་ཅན་ཞིག་དུ་འགྱུར་ཡོད་པ་བཀའ་གནང་སོང་།
ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་(Eve Michelle)་ལགས་ཀྱིས། ད་རེས་༧གོང་ས་མཆོག་གི་ཞལ་མཇལ་དང་བཀའ་སློབ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཕན་ཐོག་དང་། ཁོང་གི་བསླབ་བྱ་གཙོ་བོ་བྱམས་པ་དང་འཚེ་བ་མེད་པའི་ཐོག་ནས་འགྲོ་བ་མིའི་སྤྱི་ཚོགས་དེ་བཟང་པོ་ཞིག་དང་ཡག་པོ་ཞིག་དུ་འགྱུར་རྒྱུའི་རེ་བ་དང་ཆོས་ལུགས་མཐུན་འབྲེལ་ཐོག་སྩལ་བའི་བཀའ་སློབ་དེ་ངའི་སེམས་ལ་འཇུག་པོ་བྱུང་སོང་ཞེས་གསུང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།