བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་ཞབས་སོར་འཁོད་འདུག

2019-08-29
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་ཞབས་སོར་འཁོད་སྐབས། ༢༠༡༩།༨།༢༩
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་ཞབས་སོར་འཁོད་སྐབས། ༢༠༡༩།༨།༢༩
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང་། ཆོས་ལུགས་མཐུན་འབྲེལ་ནི་མགོན་པོ་གང་ཉིད་ཀྱི་མཛད་འགན་ཞིག་ཡིན་པ་མེང་ལོར་ནས་བཀའ་སྩལ་འདུག
འདི་ཚེས་༢༩་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་དུ་ཞབས་སོར་འཁོད་ཡོད་པ་དང་། གྷེཌ་ལྦེ་མགྲོན་ཁང་དུ་ཕེབས་བསུར་བཅར་བའི་ཡེ་ཤུ་ལྷན་ཚོགས་ཀྱི་མི་སྣ་ཚོར། བྱམས་པ་དང་སྙིང་རྗེ་གཙོ་བོ་བྱེད་པའི་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང་། ཆོས་ལུགས་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་ན་ཡང་ཆོས་ལུགས་ཚང་མའི་ནང་གི་བྱམས་པ་དང་སྙིང་རྗེའི་བསླབ་བྱ་དེ་ནི་གཅིག་པ་ཡིན་པ་བཀའ་གནང་བ་དང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་ལས་སྣེ་རྣམ་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་གྲོང་ཁྱེར་ནང་ཞབས་བཅག་པར་སྐལ་པ་བཟང་པོ་བྱུང་ཐུགས་རྗེ་ཆེ་ཞེས་གསུང་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་ཐོག་ཆིབས་ཐོན་གྱིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་བརྒྱུད་མེང་ལོར་གྲོང་ཁྱེར་དུ་ཞབས་སོར་འཁོད་སྐབས་མེང་ལོར་གནམ་ཐང་དུ་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིག་ཁག་གཅིག་དང་། མེང་ལོར་ས་གནས་བོད་ཀྱི་གཞོན་ནུ་དང་མེང་ལོར་བོད་རིགས་སློབ་ཕྲུག་བཅས་བས་ཕེབས་བསུ་བྱས་འདུག
བྷེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གསུངས་ན། ད་ལན་༧གོང་ས་མཆོག་མེང་ལོར་གྲོང་ཁྱེར་དུ་ཆིགས་བསྒྱུར་གནང་བ་ནི་མགོན་པོ་གང་ཉིད་ཀྱི་རླབས་ཆེན་དགོངས་གཞི་ཁག་བསྒྲུབ་རྒྱུར་གནད་འགག་ཞིག་ལ་གཟིགས་ཏེ་ས་གནས་སུ་གདན་ཞུ་གསོལ་འདེབས་ཞུས་པ་ལྟར་ཆིབས་སྒྱུར་གནང་བ་ཞིག་ཡིན་པ་གསུངས་བྱུང་།
འདི་ཚེས་༣༠་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མེང་ལོར་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་དུ་བོད་རིགས་སློབ་ཕྲུག་༢༠༠་བརྒལ་བ་ཞིག་ལ་ཟུར་མཇལ་གྱི་བཀའ་སློབ་དང་། དེ་རྗེས་མེང་ལོར་ཕ་དྷར་མུ་ལ་ཚོགས་ཁང་ཆེན་མོའི་ནང་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་འཇིག་རྟེན་ཡ་རབས་སྤྱོད་ཚུལ་གྱི་ཐོག་ཤེས་ཡོན་བརྗེ་ལེན་གྱི་ལྷན་ཚོགས་ཐེངས་༥༢་ཐོག་དབུ་བཞུགས་ཀྱི་བཀའ་སློབ་གནང་རྒྱུ། སྐབས་དེར་འབྲུག་པ་དང་རྒྱ་གར་ཨ་རུ་ན་ཅལ་གྱི་སློབ་ཕྲུག་བཅས་ལ་ཚོགས་བཞུགས་བྱ་རྒྱུའི་གོ་སྐབས་གནང་ཡོད་པ་རེད་འདུག
དེ་མིན་ད་ཐེངས་༧གོང་ས་མཆོག་མེང་ལོར་གྲོང་ཁྱེར་དུ་ཆིབས་སྒྱུར་སྐབས་སྐུའི་སྲུང་བྱའི་དོ་དམ་ནན་པོ་གནང་བཞིན་འདུག་ལ་མགོན་པ་གང་ཉིད་མེང་ལོར་གྲོང་ཁྱེར་དུ་ཆིབས་སྒྱུར་གནང་བ་འདི་ནི་ཐོག་མ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།