བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེ་ཙམ་བྱེད་དགོས། ༧གོང་ས་མཆོག་གིས།

2020-01-15
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་རྡོ་རྗེ་གདན་ནས་བོད་མི་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༡།༡༥
༧གོང་ས་མཆོག་གིས་རྡོ་རྗེ་གདན་ནས་བོད་མི་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༡།༡༥
OHHDL

བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེ་ཙམ་བྱེད་དགོས་ཅེས་༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་བོད་མི་མཇལ་བཅར་བ་ཚོར་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་གི་ཚོགས་ཁང་དུ། འདི་ཚེས་༡༥་ཉིན་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་མཇལ་བཅར་བ་ཉིས་བརྒྱ་བརྒལ་བ་ཙམ་ཞིག་ལ་བཀའ་སློབ་སྩལ་བའི་སྐབས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་དོ་སྣང་ཆེན་པོ་གནང་ནས་ང་ཚོར་བོད་ཡིག་གསར་བ་བཟོས་བ་དང་། དེ་ནས་བོད་ཡིག་ཡོད་པ་ཡིན་ཙང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བཀའ་བསྟན་བཅོས་བསྒྱུར་བ་རེད། དེ་ནི་ད་སྐབས་ང་ཚོས་སྤོབས་པ་བྱེད་དགོས་བ་ཞིག་རེད། ང་ཚོ་རང་ལ་སྐད་ཡིག་ཡོད་པ་དང་། ལྷག་པར་དཔལ་ན་ལེན་དའི་ཆོས་བརྒྱུད་ཀྱི་ནང་ཆོས་ལྟ་གྲུབ་སློབ་སྦྱོང་བྱེད་པར་བོད་ཡིག་ཡག་ཤོས་ཆགས་ཡོད་ལ་མི་རིགས་ཀྱི་སྲོག་རྩ་ཡང་སྐད་ཡིག་ཡིན་པས་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེ་ཙམ་བྱེད་དགོས་བ་བཀའ་སྩལ་ཡོད།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་དུ། ད་སྐབས་བོད་རིགས་ཙམ་མ་ཟད་བོད་བརྒྱུད་ནང་ཆོས་ཉམས་ལེན་བྱེད་མཁན་གྱི་མི་རིགས་གཞན་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་བཞིན་པ་རེད། ཆོས་རྒྱལ་བཀའ་དྲིན་ཅན་ཚོས་བོད་རང་ལ་བོད་ཡིག་ཟུར་དུ་བཟོས་པ་འདི་ད་ཆ་ང་ཚོས་འཛམ་གླིང་ལ་ངོམས་ཆོག་པ་ཞིག་དང་། བོད་མི་རིགས་སྤོབས་པ་སྐྱེས་འོས་པའི་རླབས་ཆེན་གྱི་བྱ་བཞག་ཆགས་ཡོད་ཅེས་དང་། བོད་མི་རིགས་ལ་སྐད་ཡིག་དང་རིག་གཞུང་ཕྱུག་པོ་ཡོད་པ་དེ་རྒྱ་ནག་གཞུང་གིས་རིམ་པས་ནུས་མེད་བཟོ་རྒྱུའི་ཐབས་ཤེས་རིམ་པར་བྱས་ཡོད་ཀྱང་དེ་ལྟར་ལམ་ལྷོང་བྱུང་མེད་པ་བཀའ་གནང་སོང་།

མཆན། (0)
Share
དྲ་གནས་ཆ་ཚང༌།