བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད།

2019-09-26
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོའི་སྐབས། ༢༠༡༩།༩།༢༥
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོའི་སྐབས། ༢༠༡༩།༩།༢༥
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ལྡི་ལི་སོགས་རྒྱ་གར་ནང་གི་མཛད་འཕྲིན་ཁག་ལེགས་པར་འགྲུབ་ནས་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་སོང་།
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཟླ་བ་འདིའི་ཚེས་༢༠་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་གྱི་(Uttar Pradesh)་མངའ་སྡེའི་(Mathura)་གྲོང་ཁྱེར་སོགས་སུ་ཆིབས་བསྒྱུར་གྱིས། རྒྱ་གར་གྱི་ཤེས་ཡོན་ཅན་དང་ཚོང་ལས་མི་སྣ། སློབ་ཕྲུག་དང་དགེ་རྒན། ཆོས་ལུགས་པ་འདྲ་མིན་དང་བླ་ཆེན་བཅས་དང་མཇལ་འཛོམས་དང་བཀའ་སློབ་བསྩལ་བ་སོགས་མཛད་འཕྲིན་ཁག་ལེགས་པར་འགྲུབ་ནས། སྤྱི་ཟླ་༩་པའི་ཚེས་༢༦་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད། གནམ་གཤིས་ཀྱི་དབང་གིས་རྒྱ་གར་པན་ཇབ་མངའ་སྡེའི་གྲོང་ཁྱེར་ཨཱམ་རིཏི་སར་བར་ཕེབས་ཡོད་དང་། དེ་ནས་བཞུགས་སྒར་རྡ་རམ་ས་ལ་བར་སྤྱི་ལེ་ཉིས་བརྒྱ་བཞིའི་སར། ཆིབས་འཁོར་དུ་བཞུགས་ནས་བཞུགས་སྒར་ཁུལ་དུ་ཞབས་སོར་བདེ་བར་འཁོད་གནང་སོང་།
བཞུགས་སྒར་ཁུལ་དུ་ཞབས་སོར་འཁོད་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག། སྤྱི་འཐུས་རྣམ་པ་དང་སེར་སྐྱ་ཕོ་མོ་བཅས་ནས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ཕེབས་བསུ་ཞུས་སོང་།

མཆན། (0)
Share
དྲ་གནས་ཆ་ཚང༌།