ཏཱ་ལའི་བླ་མ་གཞུང་ལམ་ཞེས་དངོས་སུ་མིང་བསྒྱུར་གནང་འདུག

2019-10-04
གློག་འཕྲིན།
མཆན།
Share
པར་བཀོད།
ཏཱ་ལའི་བླ་མ་གཞུང་ལམ་ཞེས་དངོས་སུ་མིང་བསྒྱུར་གནང་འདུག
ཏཱ་ལའི་བླ་མ་གཞུང་ལམ་ཞེས་དངོས་སུ་མིང་བསྒྱུར་གནང་འདུག
བསྟན་འཛིན་རང་གྲོལ།

ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་(Richmond)་གྲོང་ཁྱེར་ནང་གི་གཞུང་ལམ་ཞིག་གི་མིང་ཏཱ་ལའི་བླ་མ་གཞུང་ལམ་ཞེས་མིང་བསྒྱུར་གནང་རྒྱུའི་གྲོས་འཆར་གྲོང་སྡེ་ལྷན་ཚོགས་ནང་སྤྱི་མོས་བྱུང་བ་ལྟར།        ད་ཆ་དངོས་སུ་མིང་བསྒྱུར་གནང་འདུག

ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་རིཅ་མོཎྜ་(Richmond)གྲོང་ཁྱེར་ནང་བྱང་ཁེ་ལི་ཧྥོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་སྡེ་བཞི་ཕུན་ཚོགས་གླིང་ཆགས་ཡུལ་གྱི་(Huntington Ave)་གཞུང་ལམ་དེའི་མིང་(Dalai Lama Ave)་ཞེས་ཏཱ་ལའི་བླ་མ་གཞུང་ལམ་དུ་བརྗེ་བསྒྱུར་གནང་ཡོད་པ་རེད།

མིང་བསྒྱུར་གྱི་སྐོར་ལ་མི་མང་ནས་མཁྱེན་རྟོགས་ཡོང་རྒྱུར་དམིགས་ནས་འདྲ་པར་ནང་གསལ་བ་ལྟར། ད་ཆ་(Huntington Ave)ཞེས་པ་དང་(Dalai Lama Ave)ཞེས་པའི་མིང་བྱང་གཉིས་ཀ་མཐོང་རྒྱུ་ཡོད་ཀྱང་།        ཟླ་བ་གཉིས་ཙམ་གྱི་རྗེས་(Huntington Ave)ཞེས་པ་དེ་མར་ཕབ་ནས་(Dalai Lama Ave)ཞེས་འཇོག་རྒྱུ་ཡིན་པ་རེད།

ཕྱི་ཟླ་༡༠་ཚེས་༡་ཉིན། རིཅ་མོཎྜ་གྲོང་སྡེ་ལྷན་ཚོགས་སུ་འཐུས་མི་(Eduardo Martinez)་ལགས་ཀྱིས་གྲོས་འཆར་བཏོན་གནང་སྐབས། ཁོང་གིས་གཞུང་ལམ་དེའི་གཡས་གཡོན་གྱི་མི་ཚང་དག་ལ་མཇལ་མོལ་བཀའ་འདྲི་ཞུས་དུས། མི་ཚང་གཉིས་ཀྱིས་བསམ་ཚུལ་བཟང་ངན་གང་ཡང་མེད་པ་བརྗོད་པ་ལས་དེ་མིན་ཚང་མས་རྒྱབ་སྐྱོར་གནང་ཡོད་པས། གཞུང་ལམ་དེ་བཞིན་“འཛམ་གླིང་སྟེང་གུས་བཀུར་ཆེ་ཤོས་ཞུ་སའི་སྐྱེས་བུ་ཆེན་པོ་ཏཱ་ལའི་བླ་མའི་”་མཚན་ཐོག་ཏུ་མཚན་བྱང་བསྒྱུར་རྒྱུའི་བསམ་ཚུལ་བྱུང་བ་རེད་ཅེས་གསུངས་འདུག་པར། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཚང་མས་སྤྱི་མོས་རྒྱབ་སྐྱོར་ཞུས་ཏེ་གཏན་འབེབས་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།