བོད་མིའི་སྒྲིག་འཛུགས་ནས་སྨན་པ་དང་སྨན་ཞབས་པ་རྣམས་ལ་ཡིད་རངས་བསྔགས་བརྗོད།

2020-04-04
གློག་འཕྲིན།
མཆན།
Share
པར་བཀོད།
སྨན་པ་ཚེ་རིང་མཚམས་གཅོད་ལགས་(གཡོན)དང་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས(གཡས)།
སྨན་པ་ཚེ་རིང་མཚམས་གཅོད་ལགས་(གཡོན)དང་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས(གཡས)།
བོད་ཀྱི་བརྙན་འཕྲིན།

དེ་ཡང་ཕྱི་ཟླ་༤ ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་འཛུགས་གནང་བའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གི་ཚོགས་མི་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་རྣམ་གཉིས་ནས་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟང་དང་འབྲེལ་བའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་རྒྱུད་གསར་འགོད་གསལ་བཤད་ཐེངས་གཉིས་པ་བསྐྱངས་བའི་སྐབས། ད་བར་བཙན་བྱོལ་སྤྱི་ཚོགས་ནང་ཕ་རན་སི་རྒྱལ་ས་པེ་རིས་ནས་ཏོག་དབྱིབས་ནད་ཡམས་འགོས་པའི་བོད་མི་ཞིག་ཐོན་ཡོད་པ་དང་། ཕྱི་ཟླ་༣ ཚེས་༢༣་ཉིན་རྡ་སར་གནས་སྔོད་ཨ་རི་ནས་ཕྱིར་ལོག་པའི་བོད་མི་དགུང་ལོ་༧༩ ཅན་ཞིག་དང་། ཟླ་༣ ཚེས་༢༤ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཊོན་ནང་བོད་མི་དགུང་ལོ་༨༤ ཅན་གཅིག་བཅས་བོད་མི་བགྲེས་སོང་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཕ་རན་སི་རྒྱལ་ས་པེ་རིས་ནས་ནད་ཡམས་འགོས་པའི་བོད་མིའི་བཟའ་ཟླ་དང་ཕྲུ་གུ་ཚོར་རྟགས་དཔྱད་གྱི་འགྲུབ་འབྲས་ནང་ནད་རྟགས་ཐོན་མེད་པ་རེད་ཅེས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་བཞག

ཡང་ཁོང་གིས་རྒྱ་གར་ནང་བོད་མིའི་གཞིས་ཁག་༣༧ ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ཉེན་ཚབས་ཆེན་པོའི་ས་གནས་ཁག་ལ་སྐྱོད་པའི་ལོ་རྒྱུས་ཡོད་མཁན་བོད་མི་༡༥༩༧རང་ཁྱིམ་དུ་ཟུར་བཀག་བྱེད་ཡོད་པ་དང་། རྡ་རམ་ས་ལར་མི་ལྔ་ཁང་ཁྱིམ་དུ་ཟུར་བཀག་བྱེད་ཡོད་དང་། ཁང་ཁྱིམ་ཟུར་བཀག་བྱེད་པ་དེ་ཚོའི་ནང་ནས་ནད་རྟགས་ཡོད་པ་ཐོན་མེད་པ་འགྲེལ་བརྗོད་གནང་འདུག་

སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱལ་སྤྱིའི་ས་ཁུལ་གང་སར་སྨན་ཞབས་པ་དང་སྨན་པའི་ཕྱག་ལས་གནང་མཁན་གྱི་བོད་མི་ཡོངས་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་ཁོང་རྣམ་པའི་བཅོས་མིན་གྱི་སྤྱི་ཚོགས་ཞབས་ཞུ་དེར་ཡིད་རངས་ཞུ་བཞིན་ཡོད་ཅེས་གསུངས་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།