རྒྱ་ནག་གིས་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་ཁྲོད་བོད་མི་མང་པོར་རྡུང་རྡེག་བཏང་འདུག

2020-05-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་ནག་སེལ་གཤེད་བཅོམ་ལས་འགུལ་གྱི་དྲིལ་བསྒྲགས་སྦྱར་ཡིག
བོད་ནང་ནག་སེལ་གཤེད་བཅོམ་ལས་འགུལ་གྱི་དྲིལ་བསྒྲགས་སྦྱར་ཡིག
HRW

རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་ཁྲོད་ཉུང་མཐར་བོད་མི་ལྔ་བཅུ་ལྷག་ལ་རྡུང་རྡེག་དང་ཁྲིམས་ཆད་བཏང་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསལ་བཏོན་གནང་འདུག
རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་སྤེལ་བཞིན་པའི་ཁྲོད། བོད་ནང་ཉུང་མཐར་ཡང་ཞི་བའི་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་བཏོན་མཁན་སོགས་མི་གྲངས་༥༠་ལྷག་ཙམ་ལ་རྡུང་རྡེག་དང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨་ལོའི་ཕྱི་ཟླ་དང་པོ་ཙམ་ནས། རྒྱ་ནག་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་དང་། ངན་སེལ་ནག་འཇོམས་ཟེར་བ་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པའི་ཁྲོད། བོད་ནང་ཞི་བའི་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་བཏོན་མཁན་དང་། དེ་བཞིན་ཆོས་ལུགས་མི་སྣ་དང་ཁོར་ཡུག་སྲུང་སྐྱོབ་མི་སྣ། ས་གནས་སྲིད་གཞུང་གི་དཔོན་རིགས། ལྐོག་ཟ་རུལ་སུངས་བྱ་མཁན་སོགས་མི་གྲངས་༥༡་ཙམ་ལ་ཚད་གཞི་མི་འདྲ་བའི་ཉེས་ཆད་བཏང་ཡོད་པ་དང་མ་ཟད། ཁག་ཅིག་ལ་མི་ལོ་དགུ་ཡི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འགྲེལ་བརྗོད་བྱས་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)་ལགས་ཀྱིས། ནག་སེལ་གཤེད་བཅོམ་དང་ཇག་ཚོགས་ལ་འགོག་རྒོལ་ཟེར་བའི་ལས་འགུལ་དེ་རིགས་ནི། རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་ལོག་མཁན་ཚོར་རྡུང་རྡེག་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཆགས་ཡོད་པའི་སྐོར་གསུངས་འདུག
ཕྱི་ལོ་༢༠༡༨་ལོ་ཙམ་ནས་སྤེལ་བའི་གོང་གི་ལས་འགུལ་དེའི་དམིགས་ཡུལ་ནི། བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁང་གི་དེ་དང་འབྲེལ་བའི་ཡིག་ཆ་ཁག་ནང་གསལ་བ་བཞིན། རྒྱ་ནག་གཞུང་གིས་བོད་ནང་གི་སྤྱི་ཚོགས་ལས་དོན་སྤེལ་མཁན་ཚོར་རྡུང་རྡེག་གཏོང་བཞིན་པ་ནི། མི་སྒེར་རམ་ཚོགས་པ་གང་འདྲ་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ། མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་དང་རིག་གནས་ཀྱི་གནད་དོན་ཐོག་མི་དམངས་ཀྱི་མགྲིན་ཚབ་པ་བྱེད་མཁན་ཚོ་ཡང་རྡུང་རྡེག་ལས་འགུལ་ནང་རྡུང་རྡེག་གཏོང་ཡུལ་དུ་རྩིས་ནས། བོད་ནང་བོད་མི་རིགས་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབས་བྱེད་མཁན་སོགས་ཡང་འཛིན་བཟུང་རྡུང་རྡེག་ཉེས་ཆད་གཏོང་བཞིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།