བོད་མིའི་སྒྲིག་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ།

2019-11-06
གློག་འཕྲིན།
མཆན།
Share
པར་བཀོད།
གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༩།༡༡།༦
གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༩།༡༡།༦
tibet.net

འཛམ་གླིང་ཁོར་ཡུག་ཐོག་ནས་བོད་ཅི་ཙམ་གལ་ཆེན་ཡིན་པ་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་འཁོད་དགོས་བ་སྲིད་སྐྱོང་མཆོག་གིས་འབོད་སྐུལ་གནང་འདུག
ཕྱི་ཟླ་༡༢་པའི་ཚེས་༢་ནས་༡༣་བར་ཡོ་རོབ་སི་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་མཱཏྲི་རིཏྲི་ནང་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེད་ལྷན་ཚོགས་ཐེངས་༢༥་གནང་འཆར་ཡོད་པར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་བྱས་པ་བརྒྱུད། ཟླ་༡༡་ཚེས་༦ཉིན། བཞུགས་སྒར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་སྤེལ་བའི་ཐོག སྲིད་སྐྱོང་མཆོག་གིས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་སེང་གེ་ཁ་འབབ་དང་། ཡར་ཀླུང་གཙང་བོ། རྫ་ཆུ་སོགས་ཆུ་བོ་ཆེན་པོ་ཁག་གི་འབྱུང་ཁུངས་བོད་ནས་ཡིན་པར་བཤད་དགོས་པ་མ་གཏོགས། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆུ་བགོ་འགྲེམས་ཀྱི་གྲོས་དོན་ལ་མཚན་རྟགས་བཀོད་མེད་པས། ཆུ་རྒྱུགས་ཡུལ་གྱི་ཡུལ་ལུང་སོ་སོར་གྱོང་རག་རྒྱུ་ཡིན་པར་བརྟེན། ཆུ་དང་གངས་ཀྱི་ཐད་ནས་རྩོད་རྙོག་བྱུང་ན། དེའི་བདག་དབང་ནི་བོད་ནང་གི་བོད་མི་ཚོར་ཡོད་པར་བཤད་དགོས་པ་རེད་ཅེས་དང་། དེ་བཞིན་ཚན་རིག་པ་ཚོས་བོད་ནི་གནམ་གཤིས་འགྱུར་ལྡོག་ཐོག་ཧ་ཅང་གལ་ཆེན་ཡིན་པར་གསུང་གི་ཡོད་པས། ཁོར་ཡུག་ཐོག་ནས་བོད་ཅི་ཙམ་གལ་ཆེན་ཡིན་པ་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་འཁོད་དགོས་ཀྱི་འདུག་ཅེས་འབོད་སྐུལ་གནང་གི་འདུག
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་དུ་བཅར་གྱི་ཡོད་ཁར། བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་འབོད་སྐུལ་དོན་ཚན་ལྔ་གནང་གི་འདུག་ཅིང་། དེ་ལ་དང་པོ་བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས་པ་དང་། གཉིས་པ། བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ལ་ཉམས་ཞིབ་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་ལ་བརྩི་བཀུར་དགོས་པ། བཞི་པ། གྲོང་ཁྱེར་འཛུགས་བསྐྲུན་དང་ཡུལ་སྐོར་སྤྲོ་འཆམ་ལ་སྟངས་འཛིན་ནན་པོ་བྱེད་དགོས་པ། ལྔ་པ། བོད་འདི་སའི་གོ་ལའི་སྣེ་གསུམ་པ་ཡིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་གལ་ཆེ་བ་བཅས་འཁོད་ཡོད་ཅིང་། བོད་ས་མཐོ་ནི་སྤྱི་ལེ་གྲུ་བཞི་མ་ས་ཡ་༢.༥་ཡོད་པའི་འཛམ་གླིང་གི་མཐོ་སྒང་རྒྱ་ཁྱོན་ཆེ་ཤོས་དེ་ཡིན་ཁར། དེ་ལ་གངས་རི་བཞི་ཁྲི་དྲུག་སྟོང་ཡོད་པ་ལས་བབས་པའི་ཆུ་བོ་ཆེ་ཁག་ནི། འཛམ་གླིང་སྤྱིའི་འཐུང་ཆུའི་འབྱུང་ཁུངས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།