པེ་ཅིང་དུ་ཡོད་པའི་ཕྱིའི་གཞུང་ཚབ་ཁག་གིས་ཤར་ཏུར་ཀེ་སི་ཐན་ནང་གི་གནས་སྟངས་ལ་ཐུགས་འཚབ།

2018-11-15
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༧།༦།༢༦། ཞིན་ཅིང་གི་ཀཤ་གར་གྲོང་ཁྱེར་ནང་གི་རྒྱ་ནག་ཉེན་རྟོག་པ།
༢༠༡༧།༦།༢༦། ཞིན་ཅིང་གི་ཀཤ་གར་གྲོང་ཁྱེར་ནང་གི་རྒྱ་ནག་ཉེན་རྟོག་པ།
ཨེ་ཨེཕ་པི།

ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ཚབ་པ་སྐོར་ཞིག་གིས་ཤར་ཏུར་ཀེ་སི་ཐན་ནང་གི་གནད་དོན་དང་འབྲེལ་ནས་མངའ་ཁུལ་དེའི་རྒྱའི་དཔོན་རིགས་དང་ཐུག་འཕྲད་གནང་འདོད་ཡོད་འདུག
དེ་ཡང་རུའུ་ཀྲར་གསར་ལས་ཁང་གིས་པེ་ཅིན་ནས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། ཁ་ན་ཌའི་གཞུང་ཚབ་ཀྱིས་སྣེ་ཁྲིད་པའི་པེ་ཅིན་དུ་བཅའ་སྡོད་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ཚབ་མི་སྣ་༡༥ ཡིས་ཞིན་ཅིང་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནད་དོན་དང་འབྲེལ་ནས་ཡུལ་དེའི་དམར་ཤོག་ཚོགས་པའི་མགོ་ཁྲིད་ཁྲིན་ཆིན་གོ་དང་ཐུག་འཕྲད་ཀྱིས་ད་ཆ་ཞིན་ཅིང་ནང་འཕྲད་བཞིན་པའི་གནས་སྟངས་ཁག་ལ་གསལ་བཤད་ཡོང་ཐབས་སུ་ཡིག་ཐོག་གི་རེ་སྐུལ་ཞུས་ཡོད་པ་རེད། གནས་ཚུལ་འདི་བཞིན་རྒྱུན་ལྡན་མ་ཡིན་པར་རྒྱལ་ཁབ་མང་དག་ཅིག་གིས་གཅིག་ལ་གཅིག་རྟེན་གྱི་ལམ་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་གདོང་ལེན་བྱས་པ་དེས་རྒྱ་ནག་ཕྱོགས་ནས་ཞིན་ཅིང་ནང་དྲག་གནོན་བྱས་པ་ལ་སེམས་ཁྲལ་གྱི་རྣམ་པ་གསལ་སྟོན་གནང་བ་ཞིག་ཡིན་པ་རེད།
རྒྱ་ནག་གཞུང་གིོས་ཞིན་ཅིང་ནང་ཡུ་གུར་ཁ་ཆེ་མི་རིགས་དམིགས་སུ་བཀར་ནས་སོ་ལྟའི་མྱུལ་ཞིབ་དང་། དེ་བཞིན་ཡུ་གུར་བ་མང་པོ་སྡེབ་གཅིག་ལ་བཀག་ཉར་བྱས་ཏེ་བསམ་བློའི་སློབ་གསོ་སྤྲོད་པ་སོགས་མནར་གཅོད་འདྲ་མིན་བཏང་དང་གཏོང་བཞིན་པར་བསྙད་ནས་ཐོབ་ཐང་དོན་གཉེར་བ་དང་ཤེས་ཡོན་སྡེ་ཁག དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོབ་ཐང་ཆེད་མཁས་པ་ལ་སོགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ལ་གཞན་ད་ལོའི་ཕྱི་ཟླ་༨་པའི་ནང་རྒྱལ་ཚོགས་ལ་ཞིན་ཅིང་ནང་ཡུ་གུར་བ་ས་ཡ་བརྒལ་བ་གསང་བའི་སྒོ་ནས་བཀག་ཉར་བྱས་ཏེ་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་འབྱོིར་ཡོད་པ་རེད་འདུག

གསར་འགོད་པ་བོད་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།