རྒྱལ་སྤྱིའི་མི་དམངས་ཁྲོད་རྒྱ་ནག་ལ་མཐོང་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

2019-10-02
གློག་འཕྲིན།
མཆན།
Share
པར་བཀོད།
ཞིབ་འཇུག་གི་འབྲས་བུའི་དཔེ་རིས།
ཞིབ་འཇུག་གི་འབྲས་བུའི་དཔེ་རིས།
PEW RC

རྒྱལ་སྤྱིའི་མི་དམངས་ཁྲོད་རྒྱ་ནག་ལ་མཐོང་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རྒྱལ་སྤྱིའི་ནང་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ཐོན་འདུག
དེ་ཡང་(Pew)་ཞིབ་འཇུག་ལྟེ་གནས་ཁང་གིས། ཕྱི་ཟླ་དགུ་པའི་ཚེས་༣༠ཉིན་རྒྱལ་སྤྱིའི་ཐོག་བལྟ་སྟངས་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༣་ནས་ཕྱི་ཟླ་བརྒྱད་པའི་ཚེས་༢༩་བར་འཛམ་གླིང་ཡུལ་གྲུ་༣༢་ཙམ་ནང་མི་གྲངས་ཁྲི་གསུམ་དང་ལྔ་སྟོང་ལྷག་གི་བསམ་ཚུལ་བསྡུ་ལེན་བྱས་པའི་འབྲས་བུར། ནུབ་ཡོ་རོབ་དང་ཨི་ཤེ་ཡའི་ཡུལ་ཁག་ནང་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་འཇམ་པོའི་སྟོབས་ཤུགས་ཇེ་ཆེར་གཏོང་བཞིན་པ་དེ་ཉམས་རྒུད་འགྲོ་བཞིན་ཡོད་པ་གསལ་ཡོད། ཡིན་ནའི་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཁག་གཅིག་དང་། ཤར་ཡོ་རོབ་གླིང་ཆེན་ཨ་ཧྥི་རི་ཀའི་ཡུལ་གྲུ་ཁག་ནང་རྒྱ་ནག་གི་ཤུགས་རྐྱེན་མུ་མཐུད་གནས་བཞིན་ཡོད་པ་བཀོད་འདུག
གོང་ཞུས་ཞིབ་འཇུག་ཚན་པས་༢༠༡༨་ལོར་རྒྱལ་ཁབ་༢༦་ནང་རྒྱལ་སྤྱིའི་བལྟ་སྟངས་སྐོར་གྱི་བསམ་ཚུལ་བསྡུ་ལེན་བྱས་པ་དང་བསྡུར་ན། ༢༠༡༩་ལོར་རྒྱལ་ཁབ་བཅུ་བདུན་ཙམ་ནང་རྒྱ་ནག་གི་ཤུགས་རྐྱེན་ཉམས་རྒུད་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༨་དང་བསྡུར་ན་རྒྱལ་ཁབ་བཅོ་བརྒྱད་ནང་རྒྱ་ནག་ལ་བཟང་ཕྱོགས་ཀྱི་བསམ་ཚུལ་འཛིན་མཁན་བརྒྱ་ཆ་ཉི་ཤུ་ཙམ་ཉུང་དུ་ཕྱིན་ཡོད་ཅིང་། ཨིན་དུ་ནེ་ཤི་ཡའི་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་བཙན་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱི་རྔམ་སྟོན་ཐེངས་མང་བྱས་པའི་འོག་ཡུལ་དེའི་ནང་རྒྱ་ནག་ལ་མི་དགའ་བའི་མིའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་དང་། ཁེ་ཎ་ཊའི་ནང་རྒྱ་ནག་གཞུང་གིས་ཁེ་ཎ་ཊའི་མི་སེར་གཉིས་ཐ་མག་ནག་པོ་ཉལ་ཐ་ཚོང་བསྒྱུར་བྱས་ལུགས་ཀྱི་ཉེས་བཙུགས་ཐོག་ནས་བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་རྗེས། ཁེ་ཎ་ཊའི་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ལྷག་གིས་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དང་། སུད་ཊན་རྒྱལ་ཁབ་ནང་ཕྱི་ལོ་༢༠༡༨་ལོར་རྒྱ་ནག་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་འཛིན་མཁན་རྒྱ་ཆ་༤༢་ནས་༢༠༡༩་ལོར་རྒྱ་ཆ་༢༥་བར་མར་ཆགས་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སུད་ཊན་གྱི་མི་སེར་ཡིན་པ་ཧོང་ཀོང་དུང་ལོའོ་དབོན་དེབ་ཚོང་ཁང་གི་བྱིན་བདག་གྲས་ཀུད་མིན་ཧའ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནད་དོན་གྱི་རྐྱེན་གྱིས་ཡིན་ཞིང་། དེ་བཞིན་ཨོ་སི་ཁྲོ་ལི་ཡ་ནི་རྒྱ་ནག་གི་ཚོང་འབྲེལ་གཙོ་བོའི་རྒྱལ་ཁབ་ཤིན་ཡིན་ཡང་རྒྱ་ནག་གཞུང་གིས་ཡུལ་དེའི་ཆབ་སྲིད་དང་ཚོང་དོན་དཔལ་འབྱོར་སོགས་ཕྱོགས་མང་པོ་ཞིག་ནང་སིམ་འཛུལ་གྱི་བྱ་སྤྱོད་ལ་ཨོ་སི་ཁྲོ་ལི་ཡའི་མི་མང་ཚོས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བསྟན་ནས་འདས་པའི་ལོ་ངོ་བཅོ་ལྔའི་ནང་རྒྱ་ནག་ལ་མི་དགའ་བའི་རྣམ་པ་ཤུགས་ཆེ་ཤོས་ཆགས་ཡོད་པ་རེད།
དེ་མིན་ཉེ་བའི་ཆར་ཨ་རི་དང་རྒྱ་ནག་དབར་ཚོང་དོན་རྩོད་རྙོག་སོགས་ཀྱིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་(Gallup)་ཞིབ་འཇུག་ཁང་གིས་བསམ་ཚུལ་བསྡུ་ལེན་འབྲས་བུ་ཕྱིར་བཏོན་པའི་ནང་ཨ་རིའི་མི་མང་བརྒྱ་ཆ་༥༧་ཙམ་གྱིས་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དང་། དེ་ནི་༢༠༡༨་ལོ་དང་བསྡུར་ན་རྒྱ་ཆ་༡༢ཙམ་འཕར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།