རྒྱ་ནག་གིས་དེ་སྔ་ཐ་ཝན་ཞི་བའི་ཐོག་ནས་ཟླ་བསྒྲིལ་བྱ་རྒྱུ་ཞེས་བརྗོད་སྲོལ་ནས་ད་ཆ་ཞི་བ་ཞེས་པའི་མིང་ཚིག་དོར་བ།

2020-05-25
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས། ༠༥།༢༠༢༠
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས། ༠༥།༢༠༢༠
reuters

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པའི་འདོད་ཚུལ་གྱི་རྩ་དོན་ཐད་ཨ་མི་རི་ཀས་ཐེ་ཇུས་བྱ་རྒྱུ་ངེས་པར་དུ་མཚམས་འཇོག་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད་། ད་དུང་རྒྱ་ནག་གཞུང་གིས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུའི་འདོད་འདུན་བཅང་སྟེ་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཞིང་ཆེན་ཞིག་ཡིན་པ་ཤོད་པའི་རྩ་དོན་དང་ལངས་ཕྱོགས་འཛིན་བཞིན་པ་དེའི་ཐོག་ནས།ཕྱི་ཟླ་ལྔ་པའི་ཚེས་༢༢ རེས་གཟའ་པ་སངས་ཉིན་སྐབས་བཅུ་གསུམ་པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་བློན་ ལི་ཁེ་ཆང་གིས་ཐེ་ཝན་སྐོར་གཏམ་བཤད་ནང་ ཞི་བདེའི་ཐོག་ནས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུ་ཟེར་བའི་ནང་གི་ཞི་བའི་ཚིག་དེ་བེད་སྤྱོད་མ་བཏང་བར་ཐེ་ཝན་དྲག་པོའི་ཐོག་ནས་ཟླ་སྒྲིལ་གཏོང་རྒྱུའི་རྣམ་འགྱུར་བཏོན་ཡོད་པ་རེད།

ཐེ་ཝན་གྱི་ཕྱོགས་ནས་ཉེ་ཆར་ཏོག་དབྱིབས་འགོ་ནད་ཐོན་པ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་གི་རྒྱུན་ལྡན་གྱི་དམག་སྦྱོང་བྱེད་ཀྱི་ཡོད་ལུགས་བཤད་དེ་རྒྱ་ནག་གི་དམག་གི་གནམ་གྲུ་དང་མཚོ་དམག་གྲུ་གཟིངས་ཐེ་ཝན་གྱི་ཕྱོགས་སུ་ཡང་སེ་ཡོང་སྟེ་ཐེ་ཝན་ཐོག་དྲག་པོའི་བརྙས་བཅོས་དང་བསུན་གཙེར་ཇི་ཆེར་བཟོ་གི་ཡོད་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་གསུང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་གནད་དོན་ནང་འཚོ་བ་རྐྱེན་པའི་གནད་དོན་ཞིག་དང་ཧ་ཅང་གི་གལ་ཆེ་བ་ཞིག་ཡིན་པར་བརྗོད་དེ་རྒྱ་ནག་གིས་དྲག་པོའི་ཐོག་ནས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུར་དུས་ནམ་ཡང་བློས་གཏོང་བྱ་རྒྱུ་མིན་པ་ཤོད་ཀྱི་ཡོད་པ་ལྟར་སྲིད་བློན་ལི་ཁེ་ཆང་ གིས་ཀྱང་རྒྱ་ནག་རྒྱལ་ཁབ་ཀྱིས་ཟླ་སྒྲིལ་གཏོང་རྒྱུའི་རྩ་དོན་འགོག་ཐབས་དང་ཐེ་ཝན་རང་བཙན་ཕྱོགས་སུ་བསྐྱོད་པའི་བྱ་སྤྱོད་གང་ཞིག་སྤེལ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ལུགས་བཤད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།